དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་རྒྱལ་ཁབ་དང་ས་ཁུལ།
  • སེང་གེ་ཕུ།

  • ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    |     སྤེལ་དུས།  2023-07-20

    སེང་གེ་ཕུ་ནི་ཨི་ཤི་ཡའི་དཔལ་འབྱོར་དང་ཞབས་ཞུ། མཁའ་འགྲུལ་ལྟེ་གནས་ཀྱི་གྲས་ཤིག་ཡིན། སེང་གེ་ཕུ་ནི་ཁོར་ཡུག་དང་གཙང་སྦྲར་དོ་སྣང་ཆེན་པོ་ཡོད་པས་ལྡུམ་རའི་གྲོང་ཁྱེར་གྱི་མཚན་སྙན་ཡོད། སེང་གེ་ཕུའི་རྒྱལ་དར་གྱི་མིང་གཞན་ལ་སྐར་ཟླའི་རྒྱལ་དར་ཡང་ཟེར། རྒྱལ་དར་དེ་སྤྱི་ལོ་1965ལོའི་ཟླ་8ཚེས་9ཉིན་དངོས་སུ་སེང་གེ་ཕུའི་རྒྱལ་དར་ལ་འགྱུར། རྒྱལ་དར་དེ་ཚོན་མདོག་དམར་དཀར་གྱི་བཟོ་ལྟ་གྲུ་བཞི་ནར་མོ་ལས་གྲུབ་པ་ཡིན་ཞིང་རྒྱལ་དར་གྱི་གཡོན་ཕྱོགས་སུ་མདོག་དཀར་པོའི་ཟླ་བ་ཞིག་དང་ཟུར་ལྔའི་སྐར་མ་ལྔ་ཡོད།རྒྱལ་དར་གྱི་མདོག་དམར་པོས་འདྲ་མཉམ་དང་མཛའ་མཐུན་མཚོན་ཡོད་ལ་མདོག་དཀར་པོས་ལྷད་མེད་དང་སྤྱོད་བཟང་མཚོན་གྱི་ཡོད། ཟླ་བ་དེས་རྒྱལ་ཁབ་དེ་གསར་དུ་བཙུགས་པའི་རྒྱལ་ཁབ་ཞིག་ཡིན་པ་མཚོན་གྱི་ཡོད་ལ་ཟུར་ལྔའི་སྐར་མ་ལྔ་པོས་རྒྱལ་ཁབ་ཀྱི་ཕུགས་འདུན་ལྔ་མཚོན་ཡོད་དེ་དམངས་གཙོ་དང་ཞི་བདེ། ཡར་རྒྱས། དྲང་བདེན། འདྲ་མཉམ་མཚོན་ཡོད། སྤྱི་ལོ་2013ལོའི་བར་སེང་གེ་ཕུའི་རྒྱལ་ཁབ་གྱི་མི་འབོར་ནི་ཁྲི་540ལ་སླེབས་ཡོད། རྒྱལ་ཁབ་དེའི་ས་རྒྱའི་རྒྱ་ཆ་23ནི་ནགས་ཚལ་ལམ་རང་བྱུང་སྲུང་སྐྱོབ་ཁུལ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།