དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རང་རྒྱལ་གྱི་རྒྱང་རིང་གཏིང་ཟབ་ཀྱི་མཚོ་གཡེང་རྣམ་པའི་རླུང་གློག་ལས་སྟེགས་ཐོག་མ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-22

    831c0d87-0913-4c7f-8e43-1aaca63088eb.jpg (1).jpg

    འདི་ནི་རང་རྒྱལ་གྱི་རྒྱང་རིང་གཏིང་ཟབ་ཀྱི་མཚོ་གཡེང་རྣམ་པའི་རླུང་གློག་ལས་སྟེགས་ཐོག་མ་སྟེ“མཚོ་སྣུམ་ལྟ་རོལ་རྟགས་ཅན”ཡིན་པ།

    ཟླ་5ཚེས་20ཉིན། རང་རྒྱལ་གྱི་རྒྱང་རིང་གཏིང་ཟབ་ཀྱི་མཚོ་གཡེང་རྣམ་པའི་རླུང་གློག་ལས་སྟེགས་ཐོག་མ“མཚོ་སྣུམ་ལྟ་རོལ་རྟགས་ཅན”བདེ་བླག་ངང་ཝུན་ཁྲང་སྣུམ་ཞིང་ཚོགས་པའི་གློག་དྲར་སྦྲེལ་མཐུད་ཐུབ་ནས་མཚོ་ཐོག་སྣུམ་རླངས་ཞིང་ཁར་ལྗང་མདོག་གློག་གཏོང་འགོ་ཚུགས་ཡོད། ལས་སྟེགས་ནས་གློག་གཏོང་འགོ་ཚུགས་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་2200ཟིན་རྒྱུ་ཡིན་པ་དེ་དག་ཚང་མ་སྣུམ་རླངས་ཚོགས་པའི་ཐོན་སྐྱེད་ཐད་སྤྱོད་རྒྱུ་ཡིན་པར་བརྟེན་ལོ་རེར་འབུད་རྫས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1000གི་རང་བྱུང་སོལ་རླངས་གྲོན་ཆུང་ཐུབ་རྒྱུ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་2.2ཉུང་དུ་འགྲོ་རྒྱུ་རེད།

    “མཚོ་སྣུམ་ལྟ་རོལ་རྟགས་ཅན”ཧའེ་ནན་ཝུན་ཁྲང་གི་སྤྱི་ལེ་136གི་མཚོ་ཐོག་སྣུམ་ཞིང་མཚོ་ཁོངས་སུ་གནས་པ་དེ་ནི་རང་རྒྱལ་གྱི་ལས་སྒྲུབ་མཚོ་ཁོངས་ཀྱི་མཚོ་རྒྱུད་སྤྱི་ལེ་100ཡན་དང་ཆུ་གཏིང་ཟབ་ཚད་སྨི་100ལྷག་ཙམ་ཡོད་པའི་འཕྱོ་གཡེང་རྣམ་པའི་རླུང་གློག་ལས་སྟེགས་ཐོག་མ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།