ཤིས་ཨན་ནས་ཨ་ཧྲི་ཁ་པད་དང་དུ་ཤང་པེ་བར་གྱི་མཁའ་ལམ་གསར་པ་བཏོད་པ།
འདི་ནི་ཤིས་ཨན-ཝུའུ་ལུའུ་མུའུ་ཆི-ཨ་ཧྲི་ཁ་པད་བར་གྱི་དུས་གཏན་གནམ་གྲུ་མ་འཕུར་གོང་གི་གྲ་སྒྲིག་ལས་དོན་སྤེལ་བཞིན་པ།
ཟླ་5ཚེས་13ཉིན་ཤིས་ཨན་ནས་ཏུར་མེན་སི་ཐན་གྱི་རྒྱལ་ས་ཨ་ཧྲི་ཁ་པད་བར་གྱི་རྒྱལ་སྤྱིའི་མཁའ་ལམ་ཐོག་མར་བཏོད་པ་རེད། གཞན་ཡང་ཟླ་5ཚེས་18ཉིན་ཤིས་ཨན་ནས་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེ་བར་གྱི་རྒྱལ་སྤྱིའི་མཁའ་ལམ་ཐོག་མ་ཡང་ཤར་གཏོང་ཐུབ་རྒྱུ་རེད།