དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀྲུང་གོའི་སྨན་བཅོས་རུ་ཁག་སེ་ནེ་ཀལ་རུ་མངགས་ནས་ལོ་60འཁོར་བའི་པར་རིས་འགྲེམས་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-17

    3dc80b01-cfa1-45eb-956d-9c66f1b83cd5.jpg.jpg

    འདི་ནི་ཟླ་5ཚེས་14ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་དུ་གཉེར་བའི་ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་ནས་ལོ་60འཁོར་བའི་པར་རིས་འགྲེམས་སྟོན་ཐོག་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་19པའི་རུ་དཔོན་ཝུའུ་ཆི་མིང(གཡོན་གྱི་དང་པོ)གིས་འགྲེམས་སྟོན་པར་རིས་ངོ་སྤྲོད་བྱེད་བཞིན་པ།

    ཟླ་5ཚེས་14ཉིན་ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་ནས་ལོ་60འཁོར་བའི་པར་རིས་འགྲེམས་སྟོན་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་གྱི་མི་རིགས་ནག་པོའི་ཤེས་དཔལ་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་། པར་རིས་འགྲེམས་སྟོན་ལས་ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་ནས་ལོ་60ཚུན་གྱི་ལོ་རྒྱུས་མངོན་པར་བྱས་ཏེ་ཀྲུང་གོའི་སྨན་བཅོས་རུ་ཁག་སེ་ནེ་ཀལ་དུ་ལས་དོན་སྒྲུབ་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། འགྲེམས་སྟོན་རྒྱུན་མཐུད་ནས་ཟླ་བ་གཅིག་བྱ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།