དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ལཱར་ཆམ་རིམས་དང་གློ་ཚད་ཕོག་ནས་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་ནར་འགྱངས་མི་བྱེད་ཀ་མེད་བྱུང་བ་ཤེས་པས། ངས་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཞབས་ཙུང་ཐུང་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀ་སྟབས་བདེ་བའི་སྐབས་སུ་སྐུ་ཉིད་སྔ་ཙམ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།