དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • 2023ལོའི་གྲོང་ཁྱེར་ཆེ་འབྲིང་གིས་མཉམ་དུ་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་དཔྱིད་དུས་ཆེད་དོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། མི་སྤྱི་པུས་གཙོ་གཉེར་བྱས་པའི་གྲོང་ཁྱེར་ཆེ་འབྲིང་གིས་མཉམ་དུ་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་དཔྱིད་དུས་ཆེད་དོན་བྱེད་སྒོ་ཟླ་3ཚེས་19ཉིན་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ཟླ་5ཚེས་26ཉིན་བར་རྒྱུན་མཐུད་སྤེལ་གྱི་ཡོད་པ་དང་། 2023ལོ་དང་དེ་བཞིན་ལོ་གོང་མར་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས། མི་སྤྱོད་ཚན་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་དེར་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་གཞི་ཁྱོན་སྣ་ཚོགས་ཀྱི་ཆེད་ལས་ཅན་དང་། གནད་སྨིན་ཅན། གཏན་འཁེལ་སྒྲིག་སྦྱོར་གྱི་རྣམ་པ་བཅས་ཀྱི་ས་གནས་ས་ཐོག་གི་ལས་བསྡུའི་འདུ་ཚོགས་སྟབས་བསྟུན་དང་ཡང་སེ་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད།

    མི་སྤྱི་པུའི་ཁོངས་སུ་གཏོགས་པའི་རྒྱལ་ཡོངས་ཀྱི་ཤེས་ལྡན་པ་འཁོར་རྒྱུག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོར་ཁེ་ལས་སློབ་གྲྭར་ལས་མི་བསྡུ་བར་སྐྱོད་པར་གཙོ་གནད་སྐུལ་སློང་བྱེད་པ་དང་ཆབས་ཅིག མཐོ་སློབ་གཅིག་སྡུད་དང་། སློབ་ཐོན་སློབ་མའི་གྲངས་འབོར་མང་བ། ལས་ཞུགས་གནོན་ཤུགས་ཆེ་བ་བཅས་ཀྱི་གྲོང་ཁྱེར་དང་དེ་བཞིན་དབུས་ནུབ་ས་ཁུལ་དུ་ས་ཁོངས་སྒྲོལ་བའི་སྐོར་སྐྱོད་ལས་བསྡུའི་འདུ་ཚོགས་འཚོགས་ཏེ་ས་གནས་དེ་གའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ལས་རིགས་ཀྱི་རང་བཞིན་དང་ས་ཁོངས་ཀྱི་རང་བཞིན་ལྡན་པའི་དྲ་ཐོག་ཆེད་དོན་ལས་བསྡུའི་འདུ་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་གདལ་བཏང་སྟེ་ཐད་གཏོང་ལས་ཁྲིད་དང་ཁེ་ལས་ཀྱི་སྤྲིན་ཚོམ་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་ཡང་ཐེངས་མང་སྤེལ་གྱི་ཡོད་པ་རེད།

    ཟླ་3ཚེས་19ནས་29ཉིན་བར། ཆེད་དོན་ལས་བསྡུའི་འདུ་ཚོགས་ཐེངས་དང་པོར་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ་ཐེངས་67སྤེལ་གྱི་ཡོད་པའི་ནང་དྲ་ཕྱིའི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐེངས་19དང་། ས་ཁོངས་སྒྲོལ་བའི་སྐོར་སྐྱོད་ལས་བསྡུའི་འདུ་ཚོགས་ཐེངས་8 བཟོ་སྐྲུན་ལས་རིགས་དང་། སྨན་བཅོས་འཕྲོད་བསྟེན། དྲ་སྦྲེལ། གློག་ཤུགས་ནུས་རྒྱུ་གསར་པ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན། ཧའེ་ནན་རང་མོས་ཚོང་དོན་ཁུལ་སོགས་ལས་རིགས་དང་ས་ཁོངས་མི་འདྲ་བའི་དྲ་ཐོག་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐེངས་26 ཐད་གཏོང་ལས་ཁྲིད་བྱེད་སྒོ་ཐེངས་9 དེ་བཞིན་ལས་ཞུགས་མཛུབ་ཁྲིད་ཐད་གཏོང་ཐེངས་4དང་སྲིད་ཇུས་སྒྲོག་འགྲེལ་ཐད་གཏོང་ཐེངས་1བཅས་ཚུད་ཡོད།

    མཐོ་སློབ་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པས་ཀྲུང་གོ་རྒྱལ་ཁབ་ཤེས་ལྡན་པའི་དྲ་བའི་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་ལས་བསྡུའི་བྱེད་སྒོའི་ཚོགས་ར་གཙོ་བོའི་དྲ་ངོས(http://dzcs.newjobs.com.cn/)བརྒྱུད་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱེད་པ་དང་འབྲེལ་ཆེད་དོན་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།