སོས་དལ་ཡུལ་སྐོར་གྱིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཀྲུའུ་ཧྲན་རྫོང་གིས་པད་ཁའི་ཐོན་ལས་ཁོར་ཡུག་བཅོས་སྒྲིག་དང་། གྲོང་གསེབ་ཡུལ་སྐོར། གྲོང་གསེབ་དར་རྒྱས་གོང་འཕེལ་བཅས་དང་ཟུང་འབྲེལ་བྱས་པས། པད་ཁའི་མེ་ཏོག་དུས་ཚིགས་ཤར་རིམ་བཞིན་ཡུལ་སྐོར་བ་མང་པོ་ཞིག་དེ་གར་སོས་དལ་སྤྲོ་གསེང་དང་། པར་རྒྱག་པ། མཛེས་ལྗོངས་ལ་ལྟ་བ་བཅས་བྱེད་པར་ཡོང་གི་ཡོད་པས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་ཅིང་། འདི་ནི་ཟླ་3ཚེས་17ཉིན། ཧོ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཀྲུའུ་ཧྲན་རྫོང་དབྱི་ཧྲུའེ་གྲོང་རྡལ་གྱི་པད་ཁའི་མེ་ཏོག་རབ་ཏུ་བཞད་པའི་གྲོང་གསེབ་ཀྱི་རྣམ་པ་ཡིན་པ།