དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཁྱིམ་ཚང་ཞིང་རར“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ཀྱི་དོ་དམ་ཞབས་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-21

    ཉེ་ཆར། ཞིང་ལས་གྲོང་གསེབ་པུས《ཁྱིམ་ཚང་ཞིང་རར“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ཀྱི་དོ་དམ་ཞབས་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་ལ་ཁྱིམ་ཚང་ཞིང་རར“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ཀྱི་ཨང་རྟགས་སྤྲོད་པའི་ལས་དོན་གཏིང་ཟབ་སྤེལ་ནས་ཁྱིམ་ཚང་ཞིང་རའི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཁྱིམ་ཚང་ཞིང་རའི“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ནི་ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རར་ཁྱིམ་ཚང་ཞིང་རའི་ཆ་འཕྲིན་གཅིག་སྡུད་འགྲེམས་སྟོན་དང་ཁྱིམ་ཚང་ཞིང་ར་མིང་གཞུང་མ་ལག་ནང་བཅུག་ནས་དོ་དམ་བྱེད་པའི་མཚོན་རྟགས་འབའ་ཞིག་དེ་ཡིན་ཞིང་། “ཞིང་ར་གཅིག་ལ་རྩ་གཉིས་ཨང་རྟགས་གཅིག་དང་གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས་བྱ་ཐབས”ལག་བསྟར་བྱེད་ཀྱི་ཡོད། 2022ལོར་ཞིང་ལས་གྲོང་གསེབ་པུས་ཁྱིམ་ཚང་ཞིང་རར“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”སྤྲོད་པའི་མ་ལག་གསར་སྤེལ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་རྫོང་རིམ་པ་དང་དེ་ཡན་གྱི་དཔེ་སྟོན་ཁྱིམ་ཚང་ཞིང་ར་3115ལ་རྩ་གཉིས་ཨང་རྟགས་སྤྲོད་པའི་ཚོད་ལྟ་བྱས་ཏེ། ཁྱིམ་ཚང་ཞིང་རར་སྤུས་རྟགས་དྲིལ་བསྒྲགས་དང་དངུལ་རྩའི་འགན་བཅོལ་ཞབས་ཞུ་ཐོབ་པ་སོགས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་རོགས་རམ་བྱས་ཡོད། ཚོད་ལྟའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག《བརྡ་ཐོའི》ནང་ཁྱིམ་ཚང་ཞིང་རར་རྩ་གཉིས་ཨང་རྟགས་སྤྲོད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ཀྱི་དོ་དམ་ཞབས་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྐོར་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པ་རེད།

    མིག་སྔར། རང་རྒྱལ་གྱི་ཁྱིམ་ཚང་ཞིང་རར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་ནང་བཅུག་སྟེ་བརྒྱུད་རིམ་ལྡན་པའི་ངང་དོ་དམ་བྱེད་པའི་ཁྱིམ་ཚང་ཞིང་ར་ཁྲི་400ལྷག་ཙམ་ཟིན་ཡོད། 《བརྡ་ཐོའི》ནང་། རྩ་གཉིས་ཨང་རྟགས་སྤྲོད་ཡུལ་ཁ་གསལ་བཟོས་ནས་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་མ་ལག་ནང་ཚུད་པ་མ་ཟད། ལོ་འཁོར་གོང་མའི་གྲངས་གཞིའི་ཆ་འཕྲིན་གསར་བརྗེས་ལེགས་སྒྲུབ་བྱས་པའི་ཁྱིམ་ཚང་ཞིང་རས་རྩ་གཉིས་ཨང་རྟགས་སྤྲོད་པའི་རེ་ཞུ་བྱེད་ཆོག་པ་དང་། རྫོང་རིམ་པའི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་རྩ་གཉིས་ཨང་རྟགས་སྤྲོད་པའི་དོ་དམ་སྡེ་ཚན་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་ཁོངས་གཏོགས་འདི་གའི་ཁྱིམ་ཚང་ཞིང་རའི“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ལས་སྒོའི་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་དང་། རྩ་གཉིས་ཨང་རྟགས་སྤྲོད་པའི་རེ་ཞུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་གཉིས་ཨང་རྟགས་སྤྲོད་པའི་ཆ་རྐྱེན་འཛོམས་རིགས་ལ་དུས་ཐོག་ཏུ་རྩ་གཉིས་ཨང་རྟགས་སྤྲོད་པ། རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་ཁྱིམ་ཚང་ཞིང་རའི་ས་ནས་རྩ་གཉིས་ཨང་རྟགས་སྤྲོད་པའི་གྲོན་དངུལ་བསྡུ་མི་ཆོག་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།

    《བརྡ་ཐོའི》ནང་། རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཁྱིམ་ཚང་ཞིང་རའི“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”སྤྲོད་པའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས་ཁྱིམ་ཚང་ཞིང་རའི་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མིང་གཞུང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྱིམ་ཚང་ཞིང་རར་མིང་གཞུང་མ་ལག་ཕབ་འཇུག་བྱེད་པར་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་ཆུ་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཁྱིམ་ཚང་ཞིང་ར་དེ་བས་མང་བར་རྩ་གཉིས་ཨང་རྟགས་རེ་ཞུ་དང་རྩ་གཉིས་ཨང་རྟགས་ཧུར་ཐག་སྤྱོད་རྒྱུར་ཁྲིད་སྟོན་བྱས་ནས“གཅིག་ཀུན་འཐུས་ཀྱི་རྩ་གཉིས་ཨང་རྟགས”ཀྱི་ཨང་སྒྲིག་ཐོན་རྫས་ཐུམ་སྒྲིལ་དང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཐོག་གམ་ཡང་ན་གཉེར་སྐྱོང་བྱ་ཡུལ་གྱི་མངོན་གསལ་དོད་སར་སྦྱོར་བ་སོགས་བྱས་ཏེ་འཛད་སྤྱོད་པར་སྟབས་བདེའི་ངང་ཁྱིམ་ཚང་ཞིང་ར་དང་ཐོན་རྫས་ཀྱི་ཆ་འཕྲིན་རག་ཐབས་བྱས་ནས་ཁྱིམ་ཚང་ཞིང་རའི་མཚན་སྙན་དང་སྐད་གྲགས་ཆོད་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།