དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྡེ་ཚན་བཞིས་ལས་ཡུན་ཐིམ་པའི་ལུས་རྩལ་པ་སོཌ་ལུས་རྩལ་ཆེད་ལས་པ་སློབ་གྲྭའི་རྩལ་ཁྲིད་པ་བྱེད་པར་ལྕག་སྐུལ་བྱེད་པའི་ཡིག་ཆ་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-21

    འདི་ལོའི་ཟླ་2པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་། སློབ་གསོ་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་བཞིས་མཉམ་དུ《སློབ་གྲྭར་རྩལ་ཁྲིད་པའི་ལས་གནས་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཏོན་ཞིང་། དེའི་དམིགས་ཡུལ་ནི་རྩལ་ཁྲིད་པ་བརྒྱུད་དེ་སློབ་གྲྭའི་ལུས་རྩལ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་ལོ་ཆུང་སྐྱོན་བྲལ་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱ་ཆེད་རེད།

    སློབ་གྲྭར་ཆེད་ལས་ཀྱི་རྩལ་ཁྲིད་པའི་ལས་གནས་བཀོད་སྒྲིག་བྱས་ནས་སློབ་གྲྭའི་རྩལ་ཁྲིད་པར་དེ་མཚུངས་ཀྱི་ཐོབ་ཐང་སྤྲོད་པ་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ནས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་བྱ་རྒྱུ་རེད། དེའི་ཐད་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མི་དོན་སིའི་སི་ཀྲང་གཞོན་པ་ལིའུ་ལི་ཆང་གིས《ལག་བསྟར་བསམ་འཆར》གྱི་རྩེ་རིམ་ཇུས་འགོད་ཐོག་ནས་ལུས་རྩལ་ཆེད་ལས་ཀྱིས་ཤེས་ལྡན་པ་སློབ་གྲྭར་ཞུགས་པའི་ཐབས་ལམ་གྱི་གནད་དོན་ཐག་གཅོད་བྱས་པ་དེ་ཐོག་ནས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བར་འགག་རྩའི་རང་བཞིན་དང་ངོ་བོའི་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།