དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀན་སུའུ་ཡིས་མཐོ་རིམ་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་དང་གསབ་རེས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-21

    ཉིན་ཤས་གོང་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས《“སློབ་ཚན་གསབ་རེས་དང་། སྐར་བཀོད་ཁས་ལེན་བྱེད་རེས། དགེ་རྒན་གདན་འདྲེན་ཞུ་རེས། སློབ་ཁྲིད་དཔྱད་འདེམས་བྱེད་རེས། ཐོན་ཁུངས་མཉམ་སྤྱོད་བྱེད་རེས། སློབ་གནས་སྤྲོད་རེས”བཅས་ཀྱི་ཀན་སུའུ་ཞིང་ཆེན་མཐོ་སློབ་ཀྱི་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། སློབ་ཁྲིད་དང་ཚན་ཞིབ་གཉིས་མཉམ་འདྲེས་འཕེལ་རྒྱས། ཐོན་ཁུངས་མཉམ་སྤྱོད་སོགས་ལ་ཞིབ་ཕྲའི་བྱེད་ཐབས་བཏོན་ཏེ། དངོས་གཞིའི་ཚན་ཁག་གི་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་མཉམ་སྤྱོད་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ནས། མཐོ་སློབ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་བ་རེད།

    《བྱེད་ཐབས》ནང་བཏོན་དོན། མཐོ་སློབ་ཁག་གིས“དྲ་ཐོག+དྲ་ཕྱི”དང“སློབ་གྲྭ+སློབ་ཕྱི”ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་བསྐྲུན་ཏེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སློབ་ཚན་རྩེ་གྲ་དང་མཐོ་སློབ་ཁག་གིས་རང་བརྟེན་འོས་སྦྱོར་བྱས་པའི་སྤུས་ལེགས་སློབ་ཚན་དང་ཁྱད་ལྡན་སློབ་ཚན་རྣམས་སློབ་ཁྲིད་གསབ་རེས་ཀྱི་ཁྱབ་ཁོངས་སུ་བཅུག་པ་དང་། སྤུས་ལེགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གསོ་སློབ་ཁྲིད་ཀྱི་མི་ཤུགས་ཐོན་ཁུངས་དང་། གསར་གཏོད་ནུས་པ་སྐྱེད་སྲིང་ཐོན་ཁུངས། སློབ་ཁྲིད་ཆ་འཕྲིན་ཐོན་ཁུངས་བཅས་གཅིག་ཏུ་བསྡུས་ཏེ། དངོས་གཞིའི་ཚན་ཁག་གི་སྣ་མང་རང་བཞིན་གྱི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་དགོས།

    《བྱེད་ཐབས》ནང་གཏན་འབེབས་བྱས་དོན། མཐོ་སློབ་དབར་རྒྱུན་གཏན་གྱི་སློབ་ཁྲིད་བྱེད་སྒོ་དང་ཕན་ཚུན་དཔྱད་འདེམས་དང་ཕན་སྒུལ་ལས་དོན་སྤེལ་རྒྱུར་སྐུལ་ལྕག་བཏང་སྟེ། ཆ་འཕྲིན་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་ནས། དྲ་ཐོག་གི་སློབ་ཁྲིད་ལྟ་སྦྱོང་དང་། དྲ་ཐོག་གི་སློབ་ཁྲིད་གྲོས་བསྡུར། མཉམ་སྤེལ་དྲ་ཐོག་གི་སློབ་སྟངས་དཔྱད་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མཐོ་སློབ་ཁག་གི་དགེ་རྒན་གྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དགེ་རྒན་གྱི་སློབ་ཁྲིད་འཇོན་ཐང་ཡར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ། དགེ་རྒན་གདན་འདྲེན་ཞུ་རེས་བྱེད་སྐབས“དུས་ཐུང”དང“ཡུན་རིང”དང“ཆེད་ལས་གདན་ཞུ”དང“ལས་འགན་གཅིག་ལྕོགས་གདན་ཞུ”ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱོད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།