སྐབས་བདུན་པའི་ཀྲུང་གོའི་བཟོ་ལས་བྱ་དགའ་ཆེན་པོ་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།
ཚེས་19ཉིན་སྐབས་བདུན་པའི་ཀྲུང་གོའི་བཟོ་ལས་བྱ་དགའ་ཆེན་པོ་པེ་ཅིང་དུ་སྤྲད་པ་རེད། མེ་ཏི་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་19དང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་ཀྲང་པེ་མཉེན་སྡེམ་ཐད་རྒྱུག་གློག་དྲ་ཚོད་ལྟའི་དཔེ་སྟོན་ལས་གྲྭ་སོགས་རྣམ་གྲངས་19ལ་ཀྲུང་གོའི་བཟོ་ལས་ཀྱི་བྱ་དགའ་ཆེན་པོ་ཐོབ་ཡོད། གཞན་ཡང་ཁེ་ལས་26དང་རྣམ་གྲངས་22ལ་ཀྲུང་གོའི་བཟོ་ལས་ཀྱི་བྱ་དགའ་ཆེན་པོའི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། ཁེ་ལས་17དང་རྣམ་གྲངས་20ལ་ཀྲུང་གོའི་བཟོ་ལས་ཀྱི་བྱ་དགའ་ཆེན་པོའི་མིང་འདོན་བྱ་དགའ་ཐོབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་གོང་མ་དང་བསྡུར་ན་ད་ཐེངས་ཀྱི་བྱ་དགའ་ཐོབ་མཁན་ཁེ་ལས་དང་རྣམ་གྲངས་གཙོ་བོ་ཚན་རྩལ་གསར་གཏོད་དང་། ལྗང་མདོག་ཐཱན་ཉུང་། གྲོང་གསེབ་དར་རྒྱས་བཅས་ཕྱོགས་གསུམ་ཐད་ཚད་བརྒལ་དང་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་རང་རྒྱལ་གྱི་ཁེ་ལས་ཀྱིས་བཟང་སྤེལ་དང་། ཞན་གསབ། སྲ་བརྟན་བྱེད་རིང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཆེ་རུ་གཏོང་བའི་མཉེན་ཤུགས་དང་བདེ་འཇགས་ཆུ་ཚད་ཐད་ཀྱི་གྲུབ་འབྲས་གསར་ཤོས་མངོན་གྱི་ཡོད་པ་རེད།