དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-15

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་ཏུ་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི“ཁྱེད་ཀྱིས་འདེམས་དང་། ངས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོར་མཛུབ་ཁྲིད་བྱས་ཏེ་འཛད་སྤྱོད་པས་དོ་ཁུར་བྱེད་པའི་བཟའ་བཅའི་རིགས་འདེམས་པ་དང་། “སྐར་ཁུང་ཆུང་ངུར”ཞིབ་དཔྱད་ཚད་ལེན་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི“ལྟ་འདོམས་ཆེ་མོར”སྐུལ་འདེད་བཏང་བས། བཟའ་བཅའི་བདེ་འཇགས་ལ་སྤྱི་ཚོགས་ཀྱིས་མཉམ་བཅོས་བྱེད་པར་སྐུལ་འདེད་ཐུབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་ས་ཁུལ་དང་གྲོང་ཁྱེར(ཀྲོའུ་དང་མོང)247གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ནང་དོན་ཕུན་སུམ་ཚོགས་ལ་རང་སོ་སོའི་ཁྱད་ཆོས་ལྡན་པའི“ཁྱེད་ཀྱིས་འདེམས་ངས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོ་ཐེངས་1600ལྷག་ཙམ་སྤེལ་བར་འཐེན་བཤེར་བྱེད་ཚད་ཁག་ཐེངས་ཁྲི་16ལྷག་ཙམ་ཟིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་ཀྱི་ལག་ལེན་ལ་སྐུལ་འདེད་བཏང་སྟེ་ཕུགས་ཕན་ལམ་སྲོལ་འཛུགས་པར་དེ་བས་མཐོང་ཆེན་བྱས་ཡོད། “ཁྱེད་ཀྱིས་འདེམས་དང་། ངས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོ་སྔར་བས་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་དུ་གྱུར་བར་ཞིབ་དཔྱད་ཐུབ་པ་དང་། ཤན་འབྱེད་ཐུབ་པ། ཤེས་ཚོར་ཐུབ་པ་བཅས་ཀྱི་ཕན་འབྲས་ཐོན་ཡོད། འདི་ལོའི་ཟླ་དང་པོར་ད་དུང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《བཟའ་བཅའ་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་དང་བེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས“ཁྱེད་ཀྱིས་འདེམས་ངས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག་བཟའ་བཅའི་མྱུར་བཤེར་ལེགས་ཆ་འདོན་སྤེལ་བྱས་ནས“ཁྱེད་ནས་བསྐྱལ་ན་ངས་ཞིབ་བཤེར་བྱེད”ཅེས་པའི་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་བར་མཛུབ་ཁྲིད་བྱས་ཡོད།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བྱེད་སྒོའི་ཁྱད་ཆོས་དང་། བཀྲག་མདངས་འཚེར་ས། གསར་གཏོད་བྱེད་ཐབས་བཅས་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་། མིག་དཔེ་དང་ཁྱབ་གདལ་གཏོང་ཆོག་པའི་དཔེ་མཚོན་ཆགས་པར་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།