དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་འདི་ལོའི་ཟླ་6པར་ས་ངོས་སུ་ཕྱིར་ལོག་བྱེད་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-15

    ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི“གོམ་སྟབས་གསུམ”གྱི་འཕེལ་རྒྱས་འཐབ་ཇུས་དེ་བསམ་བཀོད་ནས་དངོས་ཡོད་དུ་གྱུར་ཡོད། མིག་སྔར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཚང་འཁོར་ལམ་དུ་འཁོར་སྐྱོད་བརྟན་པོ་ཡོད་པ་དང་། ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གི་རྣམ་པ་ཡག་པོ་ཡོད་ཅིང་། འདི་ལོའི་ཟླ་6པར་ས་ངོས་སུ་ཕྱིར་ལོག་བྱེད་རྩིས་ཡོད་པ་རེད། དེང་སྐབས་ལས་གྲྭ་དེ་བར་སྣང་ས་ཚིགས་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཕྱོགས་ཡོངས་ནས་སླེབས་ཡོད།

    2023ལོ་ནི་བར་སྣང་ས་ཚིགས་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་འགོ་ཚུགས་ལོ་ཡིན་ཞིང་། ལས་འགན་བཀོད་སྒྲིག་གཞིར་བཟུང་འདི་ལོ་མཁའ་གྲུ་ཨང་དྲུག་པའི་ཟོག་འདྲེན་འཕུར་གྲུ་དང་། ལྷ་གྲུ་ཨང་བཅུ་དྲུག་པ་དང་ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུ་བཅས་འཕེན་གཏོང་བྱེད་རྩིས་ཡོད་པ་དེ་ནི་ཀྲུང་གོའི་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་ཟིན་ཏེ། བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྒྱུར་བའི་འཕུར་སྐྱོད་ལས་འགན་ཁག་དང་པོ་དེ་རེད། མིག་སྔར། མཁའ་གྲུ་ཨང་དྲུག་པའི་ཟོག་འདྲེན་འཕུར་གྲུ་བཟོ་གྲྭ་ནས་ཐོན་སྐྱེད་བྱེད་པའི་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་ཟིན་ནས། ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་དབོར་ནས་འདི་ལོའི་ཟླ་5པར་དངོས་སུ་འཕེན་གཏོང་བྱེད་རྩིས་ཡོད་པ་རེད། མི་བཞུགས་འཕུར་སྐྱོད་ཐེངས་གཉིས་བྱེད་མཁན་གྱི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་མི་སྣ་བདམས་ཟིན་ནས་ལས་འགན་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།