དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྐྱེ་ཁམས་སློབ་གསོ་སློབ་ཁང་དུ་ཁྱབ་པར་བྱས་ཏེ་ས་གཞི་ཆེན་པོར་སྔོ་ལྗང་གིས་བརྒྱན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-03-15

    2460fb02-2e71-484a-ab46-be3ab9a81d62.jpg.jpg

    ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོའོ་ཆུས་ལྕགས་ལམ་སློབ་ཆུང་གིས་དགེ་སློབ་རྣམས་སྒྲིག་འཛུགས་བྱས་ཏེ“ང་ཡིས་འཇིག་རྟེན་ལ་སྔོ་ལྗང་སྣོན”ཞེས་པའི་ཤིང་འཛུགས་དུས་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་གི་གྱོན་གོས་ཇུས་འགོད་འགྲེམས་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སློབ་ཕྲུག་40ལྷག་གིས་སློབ་གྲྭའི་དགེ་རྒན་དང་མཛེས་རིས་འོས་ལས་པའི་མཛུབ་ཁྲིད་འོག་ཉེ་འཁོར་གྱི་སྤྱོད་རུང་བའི་གད་སྙིགས་བསྒྲུགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་གྱོན་གོས་བཟོས་པ་མ་ཟད། རྩི་ཤིང་འཛུགས་པ་དང་། རྩི་ཤིང་ལ་གཅེས་སྤྲས། རྩི་ཤིང་སྲུང་སྐྱོང་བཅས་ཀྱི་སྐྱེ་ཁམས་འདུ་ཤེས་དང་ལྗང་མདོག་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་བ་རེད། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོའོ་ཆུས་ལྕགས་ལམ་སློབ་ཆུང་གི་སློབ་ཕྲུག་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་ཁོར་ཡུག་སྲུང་སྐྱོང་གི་གྱོན་གོས་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།