དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • བཟོ་ལས་བརྟན་པོའི་ངང་འཕར་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ཇི་ལྟར་བྱེད་དགོས་སམ། 5Gའཕེལ་རྒྱས་ལ་དམིགས་ཚད་གསར་པ་ཅི་ཞིག་ཡོད་དམ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཁང་དང་ཞུས་ཁོ།   |     སྤེལ་དུས།  2023-03-09

    མིག་སྔར་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་སྐབས་རང་རྒྱལ་གྱི་བཟོ་ལས་བརྟན་པོའི་ངང་འཕར་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་ཇི་ལྟར་གཏོང་དགོས་སམ། 5Gམགྱོཌ་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ད་ལོ་བྱ་ཐབས་གསར་པ་གང་དག་ཡོད་དམ། ཚེས་5ཉིན་འཚོཌ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་བཞི་པའི་ཚོཌ་འདུ་ཐེངས་དང་པོའི“པུའུ་ཀྲང་བགྲོད་ལམ”ཐེངས་དང་པོར་བཟོ་འཕྲིན་པུའི་པུའུ་ཀྲང་ཅིན་ཀྲོང་ལུང་གིས་མིག་སྔའི་བཟོ་འཕྲིན་ཁྱབ་ཁོངས་ཀྱི་གླེང་མང་བའི་གནད་དོན་ལ་ལན་བསྐྱོན་པ་རེད།

    ཁོང་གིས། ད་ལོ་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མི་ཉུང་བ་ཞིག་ཡོད་དེ། རང་རྒྱལ་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ་དང་བསགས་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཐད་ཤུགས་སྣོན་བརྒྱབ་པ་ལས་ཁེ་ལས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་དང་། གྲོང་མིའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཆེ་རུ་ཕྱིན་པ། ཐོན་ལས་རིམ་སྤོར་གྱི་སྒུལ་ཤུགས་ཆེ་རུ་ཕྱིན་པའི་ངོས་འཛིན་གནང་བ་རེད།

    “ཟླ་དང་པོ་དང་གཉིས་པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་གཉེར་སྐྱོང་གི་སྟོན་གྲངས(PMI)ཚང་མ་50%ཡན་ཟིན་པ་ལས་བཟོ་སྐྲུན་ལས་རིགས་དར་རྒྱས་ཀྱི་ཁྱབ་ཁོངས་སུ་གནས་པ་གསལ་བཤད་བྱས་ཡོད། ད་ལོ་བཟོ་ལས་དཔལ་འབྱོར་བསྐྱར་དུ་ལེགས་སུ་འགྲོ་རེ་ཡོད་པ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་ཅིན་ཀྲོང་ལུང་གིས་ལས་འགན་གསལ་ཐོ་ཁ་གསལ་བཏོན་པ་རེད།

    གློག་རྡུལ་དང་། རླངས་འཁོར། ངར་ལྕགས། རྡོ་སྣུམ་རྫས་འགྱུར་སོགས་གཙོ་གནད་ལས་རིགས་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་དངུལ་རྩ་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས་མ་དངུལ་སྣ་ཚོགས་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཛད་སྤྱོད་ཆེ་གྲས་བརྟན་པོ་ཡོང་བར་བྱས་ནས་ཁྱབ་ཁོངས་མང་པོའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ས་གནས་ཁག་གི་ཧུར་སེམས་བཏོན་ནས་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཡོད།

    སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཚད་ཅུང་མཐོ་བའི་5Gཡི་ཐད་ཅིན་ཀྲོང་ལུང་གིས། མིག་སྔར་རང་རྒྱལ་དུ་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་5.75ལས་བརྒལ་བ་དང་ད་ལོ་རང་རྒྱལ་གྱི་5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་290ལས་བརྒལ་རེ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ཅིན་ཀྲོང་ལུང་གིས། “རྒྱལ་དམངས་དཔལ་འབྱོར་རིགས་ཆེ་གྲས་97ཡོད་པ་ལས་ཕྱེད་ཀ་ཡན་5Gཐད་སྤྱོད་པ་དང་། གཏེར་ཁ་སྔོག་འདོན་དང་། གྲུ་ཁ། གློག་ཤུགས། གནམ་གྲུ་ཆེ་གྲས་བཟོ་སྐྲུན་བཅས་ཀྱི་ཁྱབ་ཁོངས་སུ་5Gརྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། ད་ལོ་5Gསྦྲེལ་ཚུགས་ཁྲི་60བསྐྲུན་རྒྱུ་དང་དུས་མཚུངས། 5Gལས་རིགས་ཀྱི་བཀོལ་སྤྱོད་རྒྱ་ཆེར་གཏོང་རྒྱུ་དང་། ལྷག་པར་དུ་བཟོ་ལས་ཁྱབ་ཁོངས་ཁྲོད་བཟོ་འཕྲིན་པུས‘ལོ་ལྔ་ཚན་བཅུ་བཞི་པའི’རིང་5Gབཟོ་གྲྭ་ཁྲི་1ཡན་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད”ཅེས་གསུངས་པ་རེད།

    ཁོང་གིས། བཟོ་འཕྲིན་པུས་5Gཡི་ཉམས་མྱོང་ཕྱོཌ་སྡོམ་དང་ཁྱབ་གདལ་བཏང་ནས་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེཌ་ཆ་དང་ཐོན་ལས་མ་ལག་འཐུས་སྒོ་ཚང་བའི་ལེཌ་ཆ་བཏོན་ཏེ་ཐོན་སློབ་ཞིབ་སྤྱོད་བཞིར་གཅིག་སྡུད་ཐོག་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། 6Gཞིབ་སྤེལ་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།