དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་མཁན་ཚོགས་པ་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-14

    རིག་གནས་དང་ཡུལ་སྐོར་པུས《ཡུལ་སྐོར་ལས་དོན་ཁང་གིས་ཀྲུང་གོའི་སྤྱི་དམངས་འབྲེལ་ཡོད་རྒྱལ་ཁབ་ཏུ་སྐྱོད་མཁན་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་སྒོ་སླར་གསོ་ཚོད་ལྟ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། ཟླ་2ཚེས་6ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱིས་ཀྲུང་གོའི་སྤྱི་དམངས་རྒྱལ་ཁབ་20ལ་སྐྱོད་མཁན་ཡུལ་སྐོར་ཚོགས་པ་དང“གནམ་གྲུའི་སྤ་སེ+མགྲོན་ཁང”གི་ལས་སྒོ་སླར་གསོ་ཚོད་ལྟ་བྱས་ཡོད། རང་རྒྱལ་གྱིས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་མཁན་དང་ཡུལ་སྐོར་ཚོགས་པའི་ལས་སྒོ་ཚོད་ལྟ་དང་སླར་གསོ་བྱས་རྗེས། ས་གནས་མི་ཉུང་བ་ཞིག་ཏུ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་བའི་ལས་སྒོ་གཉེར་མཁན་མང་དུ་ཕྱིན་ཡོད།

    2424f025-f97e-4bea-8c0c-318eb051add8.jpg.jpg

     འདི་ནི་ཟླ་2ཚེས་6ཉིན། ཀོང་ཀྲེ་ལུའེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་ཐེ་ལན་དུ་སྐྱོད་མཁན་ཡུལ་སྐོར་ཚོགས་པ་ཐོག་མ་ཀོང་ཀྲོའུ་པེ་ཡུན་རྒྱལ་སྤྱིའི་གནམ་ཐང་ནས་ཐོན་བཞིན་པ།

    75b0e770-8826-4ab3-a60f-80d99f61e7de.jpg.jpg

     འདི་ནི་ཟླ་2ཚེས་8ཉིན་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་སྐྱོད་མཁན་འགྲུལ་པ་ཚོས་ཧང་ཀྲོའུ་སུའུ་ཧྲན་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་T4ཏུ་རུ་སྒྲིག་བཞིན་པ།

    28079e0e-9543-49c9-ab31-770cd180e7bb.jpg.jpg

     འདི་ནི་ཟླ་2ཚེས་10ཉིན་ཁྲེང་ཏུའུ་ཧྲོང་ལུའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་T1ཏུ་འགྲུལ་པས་རུ་བསྒྲིགས་ནས་ཕྱི་དངུལ་བརྗེ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།