དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཨུ་རུ་སུས“ཡར་རྒྱས་MS-22”ཟོག་འདྲེན་འཕུར་གྲུ་འཕེན་གཏོང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-02-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོའོ་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོགས་པས། ཨུ་རུ་སུའི“ཡར་རྒྱས་MS-22”ཟོག་འདྲེན་འཕུར་གྲུ“མནའ་འབྲེལ-2.la”སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་བསྒྲོགས་ནས་མཁའ་དབྱིངས་སུ་འཕུར་ཏེ། ཚེས་11ཉིན་རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་འབྲེལ་མཐུད་བྱ་རྒྱུ་རེད་ཅེས་བརྗོད།

    དེ་ཉིན་ཨུ་རུ་སུ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོཌ་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་ཁྱབ་བསྒྲཌ་བྱས་ནས། མོ་སི་ཁོའི་དུས་ཚོད་ཆུ་ཚོད་9དང་སྐར་མ15ལ(པེ་ཅིང་གི་དུས་ཚོད་ཆུ་ཚོད་14དང་སྐར་མ་15)“ཡར་རྒྱས་MS-22”ཟོག་འདྲེན་འཕུར་གྲུ་བསྒྲོཌ་པའི“མནའ་འབྲེལ-2.la”སྐྱེལ་འདྲེན་མེ་ཤུཌ་འཕུར་མདའ་ཧ་སག་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་པེ་ཁོའོ་ནུར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་ནས་མཁའ་དབྱིངས་སུ་འཕངས་པ་རེད། སྐར་མ་9སོང་རྗེས་ཟོག་འདྲེན་འཕུར་གྲུ་དང་སྐྱེལ་འདྲེན་མེ་ཤུཌ་འཕུར་མདའ་རིམ་གསུམ་ཁ་འབྲལ་བྱས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱོད་པ་རེད།

    “ཡར་རྒྱས་MS-22”འཕུར་གྲུ་ཚེས་11ཉིན་རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་འབྲེལ་མཐུད་བྱ་རྒྱུ་རེད། ཟོག་འདྲེན་འཕུར་གྲུས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་དངོས་ཟོག་སྤྱི་རྒྱ་2534སྐྱེལ་རྒྱུའི་ནང་སྣུམ་དང་། འཐུང་ཆུ། ཏན་རླུང་བཅས་དང་དེ་བཞིན་སྒྲིག་ཆས་དང་རྒྱུ་ཆ་སྣ་ཚོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།