དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • འཕེལ་རྒྱས་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་གཞི་ཆེའི་སྲིད་ཇུས་ཀྱི་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-02-11

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་ནུས་པར་མཐོང་ཆེན་བྱས་ཏེ། འཕེལ་རྒྱས་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་གཞི་ཆེའི་སྲིད་ཇུས་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཕེལ་རྒྱས་ཀྱི་གྲོས་རིམ་ལ་དོ་ཁུར་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།

    དེ་ཉིན་ཏའེ་པིང་གིས། “《ཏེ་ཧའི་བྱ་སྤྱོད་ཀྱི་རྩ་འཛིན》ལ་བརྟེན་ནས་2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུའི་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དབང་ཆར་འགན་ལེན་ཏན་ཏིག་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་སྔོན་འགྲོའི་ལས་དོན་སྟོན་ཕྱོགས་སུ་བྱས་ཏེ། དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་ཀྱི་བདེ་འཇགས། རིམས་འགོག་དང་རིམས་འགོག་སྨན་ཁབ། ལྗང་མདོག་ཐཱན་ཉུང་། དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་སོགས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་གསུངས།

    ཏའེ་པིང་གིས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་རོགས་སྐྱོར་དམ་བཅའ་ཧུར་ཐག་སྒྲུབ་པ་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་དངུལ་མཁོ་འདོན་གན་རྒྱའི་བླང་བྱ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སྒྲིག་གཞིའི་ལྟེ་བའི་ཐོན་ཁུངས་ཀྱི་མ་འཇོག་འགན་ལེན་བྱེད་དགོས། རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱས་ནས་དྲང་གཞག་སྒོ་དབྱེའི་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དར་སྤེལ་བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ཕྱིའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་དར་རྒྱས་འགོར་བའི་རྒྱལ་ཁབ་ཀྱིས་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་སྐུལ་ལྕག་བྱས་ཏེ། ཕྱི་ཕྱོགས་ཀྱི་ཐོན་ཁུངས་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས།

    ཏའེ་པིང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ཁག་དང་ཚོགས་མིའི་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དང་སྒེར་གཉེར་སྡེ་ཚན་སོགས་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་གིས་སྤྱི་འདོམས་མཐུན་སྦྱོར་དང་རོགས་ཟླའི་འབྲེལ་བ་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་2030ལོའི་གྲོས་རིམ་དང་། 《ཏེ་ཧའི་བྱ་སྤྱོད་ཀྱི་རྩ་འཛིན》དང་དེ་བཞིན་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གྲོས་རིམ་གཞན་དག་བཅས་དོན་འཁྱོལ་བྱ་རྒྱུ་གཅིག་གྱུར་བྱས་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་མཉམ་ཤུགས་ཆགས་པར་བྱས་ཏེ། འཕེལ་རྒྱས་ཀྱི་ཐོན་ཁུངས་འཕྲོ་བརླག་གཏོང་བ་དང་བགོ་བཤའ་དོ་སྙོམས་མེད་པའི་གནད་དོན་མི་ཐོན་པ་བྱེད་དགོས་ཞེས་གསུངས།

    ཏའེ་པིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་རྒྱས་འགྲོ་འགོར་ཤོས་རྒྱལ་ཁབ་ཀྱི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཁག་གཉིས་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དབུ་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་གི་རིམ་མཐོའི་སྐད་ཆ་ཤོད་རེས་ཚོགས་འདུ་སོགས་འཚོག་རྒྱུ་གོ་སྐབས་སུ་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་མགྱོགས་མྱུར་དོན་འཁྱོལ་བྱེད་པ་དང་འབྲེལ་ཤུགས་ཆེན་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་བསྐྲུན་འདོད་ཡོད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།