དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • 2022ལོར་རང་རྒྱལ་གྱི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་སྤྱིའི་ཆ་ནས་བརྟན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-02-02

    ཚེས་30ཉིན་ཚོང་དོན་པུའི་དྲ་ཐོག་ཚོང་དོན་སིའི་འགན་འཁུར་བས་2022ལོའི་དྲ་རྒྱའི་སིལ་ཚོང་ཁྲོམ་རའི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས། 2022ལོར་རང་རྒྱལ་གྱི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་ཅེས་བརྗོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོར་རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་13.79ཟིན་པ་དེ་དུས་མཚུངས་ལས་4%འཕར་ཡོད་ཅིང་། དེའི་ནང་དངོས་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་11.96ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དེས་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་ཁྲོད་བཟུང་བའི་བསྡུར་ཚད་27.2%ཟིན་པ་རེད།

    ཚོང་དོན་གྲངས་གཞི་ཆེན་པོས་གཙོ་གནད་དྲ་ཐོག་ཚོང་དོན་ལས་སྟེགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། 2022ལོར་རྒྱལ་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་ཁྲོམ་རའི་ཚོང་ཟོག་ཁག་གཅིག་གི་ཕྱིར་ཚོང་གྲངས་གནས་གཉིས་འཕར་ཡོད། ལྟ་ཞིབ་ཚད་ལེན་བྱས་པའི་ཚོང་ཟོག་རིགས་18ཀྱི་ཁྲོད་ཚོང་ཟོག་རིགས་8ཀྱི་ཕྱིར་ཚོང་བྱེད་ཚད་ཀྱི་འཕར་ཚད་གྲངས་གནས་གཉིས་ལས་བརྒལ་ཞིང་། དེའི་ནང་གསེར་དངུལ་རྒྱན་ཆ་དང་ཆང་རག་ཐ་མག་དུས་མཚུངས་ལས་27.3%དང་19.1%སོ་སོར་འཕར་ཡོད་པ་རེད།

    བྱང་ཤར་དང་དབུས་རྒྱུད་ས་ཁུལ་གྱི་དྲ་རྒྱའི་སིལ་ཚོང་ཁྲོམ་རའི་འཕར་ཚད་ཅུང་མགྱོགས་ཤིང་། བྱང་ཤར་དང་དབུས་རྒྱུད་ས་ཁུལ་གྱི་དྲ་རྒྱའི་སིལ་ཚོང་བྱེད་ཚད་དུས་མཚུངས་དང་བསྡུར་ན་13.2%དང་8.7%སོ་སོར་འཕར་བ་དང་། རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་9.2དང་4.7སོ་སོར་མཐོ་བ་ཡོད། ཤར་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དྲ་རྒྱའི་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་3.8%དང་3%སོ་སོར་འཕར་ཡོད་པ་རེད།

    ཞིང་ལས་ཐོན་རྫས་དྲ་རྒྱ་ནས་སིལ་ཚོང་བྱེད་པའི་འཕར་ཚད་ཅུང་ལེགས་ཤིང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.17ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད། དེའི་ནང་གྲོང་གསེབ་ཀྱི་དངོས་ཟོག་དྲ་རྒྱ་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.99ཟིན་པ་དེ་དུས་མཚུངས་ལས་4.9%འཕར་ཡོད། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་རྒྱ་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་5313.8ཟིན་པ་དེ་དུས་མཚུངས་ལས་9.2%འཕར་བ་དང་། འཕར་ཚད་2021ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་6.4མཐོ་རུ་སོང་ཡོད།

    ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་ཤིང་། འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་རང་རྒྱལ་གྱི་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ནང་འདྲེན་དང་ཕྱིར་གཏོང་བྱེད་ཚད(B2Bཚུད་པ)སྒོར་དུང་ཕྱུར་ཁྲི་2.11ཟིན་པ་དེ་དུས་མཚུངས་ལས་9.8%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.55ཟིན་པ་དེ་དུས་མཚུངས་ལས་11.7%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་0.56ཟིན་པ་དེ་དུས་མཚུངས་ལས་4.9%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།