དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཡུན་ནན་གྱི་སྡེ་ཚན་གསུམ་གྱིས་འཆར་འགོད་བཀྲམ་ནས།རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-02-02

    ཉིན་ཤས་གོང་། ཡུན་ནན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་ཞིང་ཆེན་ཚན་རྩལ་ཐིང་དང་མཉམ་དུ《ཡུན་ནན་ཞིང་ཆེན་གྱི་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་གི་འཆར་འགོད(2021ནས་2030ལོ་བར)(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)བཀྲམ་ཞིང་། 《ཡུན་ནན་ཞིང་ཆེན་གྱི་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་གི་མིང་གཞུང(2022ལོའི་པར་མ)》ནང་བསྡུ་ལེན་བྱས་པའི་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་རིགས་101སྲུང་སྐྱོང་བྱ་ཡུལ་དུ་བཞག་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་གྱིས་སྐྱེ་དངོས་རིགས་སྲུང་སྐྱོང་གི་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་། སྲུང་སྐྱོང་མ་ལག་དང་ཚན་རིག་ཞིབ་འཇུག་དང་དོ་དམ་གྱི་འདེགས་སྐྱོར་མ་ལག་འཛུགས་པ་དང་། གཙོ་གནད་དུ་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་གི་གསོན་མཚམས་ཁུལ་ཆུང(ས་ཚིགས)དང་། ཐག་ཉེ་སའི་སྲུང་སྐྱོང་རྟེན་གཞི། སོན་རྒྱུ་འཚོལ་བསྡུ་དང་གསོ་སྐྱོང་གླིང་། སོན་རྩྭ་གསོ་སྤེལ་ལྟེ་གནས་སོགས་འཛུགས་སྐྲུན་བཀོད་སྒྲིག་བྱས་ཏེ། རི་སྐྱེས་ཐོན་ཁུངས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པ་ནས་བེད་སྤྱོད་གཏོང་བའི་འཐབ་ཇུས་ལ་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་སྟེ། ཡུན་ནན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ས་ཁོངས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རེད།

    《འཆར་འགོད》ལག་བསྟར་བྱས་པ་བརྒྱུད། ཡུན་ནན་གྱིས་སྤྱི་ཚོགས་ཡོངས་ཀྱིས་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་ལ་ངོས་འཛིན་བྱེད་ཚད་དང་དོ་ཁུར་བྱེད་ཚད་མཐོ་རུ་བཏང་ནས། ཚན་རྩལ་སྣེ་ཁྲིད་དང་འདེགས་སྐྱོར་དུ་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་དང་མ་དངུལ་གཏོང་རྒྱུ་འགན་ལེན་དུ་བྱེད་པ། ས་ཆ་དེ་རང་དུ་སྲུང་སྐྱོང་བྱ་རྒྱུ་རྨང་གཞིར་བྱེད་པ། ས་ཆ་སྤོས་ནས་སྲུང་སྐྱོང་དང་ཐག་ཉེ་སར་སྲུང་སྐྱོང་བྱ་རྒྱུ་གཞི་རྟེན་དུ་བྱེད་པ་བཅས་ཀྱི་སྲུང་སྐྱོང་མ་ལག་ཅིག་རགས་ཙམ་གཏོད་ཡོད། 70%ཡི་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་ཐག་ཉེ་ས་དང་གནས་སྤོས་སྲུང་སྐྱོང་མངོན་འགྱུར་བྱུང་ནས་50%ཡི་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་མི་ཐབས་ལ་བརྟེན་ནས་མང་དུ་བཏང་བ་དང་། 20%ཡི་རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་སླར་གསོ་ཐུབ་པ། རྩི་ཤིང་རིགས་རྩ་སྟོང་དུ་འགྲོ་བའི་རྒྱུ་རྐྱེན་དང་དེར་ཤུགས་རྐྱེན་ངན་པ་ཐེབས་རིགས་རྩ་མེད་དམ་ཉུང་དུ་བཏང་བ། རིགས་ཆེས་ཆུང་གྲས་ཀྱི་རི་སྐྱེས་རྩི་ཤིང་101གི་གྲངས་འབོར་བརྟན་འཇགས་དང་འཕར་སྣོན་བྱུང་བ་དང་དེ་བཞིན་ཁོར་ཡུག་ལེགས་བཅོས་བྱུང་སྟེ། སྟོངས་ལ་ཉེ་བའི་ཉེན་ཁ་བསལ་ནས་སྲུང་སྐྱོང་མ་ལག་རྩ་བའི་ཆ་ནས་འཐུས་ཚང་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།