དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཡུན་ནན་ཨེར་ཧའེ་མཚེའུ་ཉེ་བའི་ལོ་ཉི་ཤུའི་རིང་གི་ཆུ་སྤུས་ལེགས་ཤོས་ཆགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-02-02

    གསར་འགོད་པས་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཨེར་ཧའེ་མཚེའུ་རྒྱུག་ཁུལ་ཕྱོགས་སྒྱུར་འཕེལ་རྒྱས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། ཉེ་དུས་སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་གནས་ཚུལ་གྱི་བརྡ་ཁྱབ་ལ་གཞིགས་ན། ཨེར་ཧའེ་མཚེའུ་ཡི་ཆུ་སྤུས་2020ལོ་དང་། 2021ལོ། 2022ལོ་བཅས་ལོ་གསུམ་བསྟུད་མར“ལེགས་པ”དང་འཚོ་བཅུད་འབྲིང་བར་གཏན་འཁེལ་བྱས་ཡོད། གཞན་ཡང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པར། ཨེར་ཧའེ་མཚེའུ་སྲུང་སྐྱོང་བཅོས་སྒྲིག་ལས་དོན་ལ་ཐོབ་པའི་ཕྱོགས་བསྡུས་ཕན་འབྲས་ལས་མཚེའུ་ཧྲིལ་པོའི་ཆུ་དྭངས་ཚད་སྨི་2.29ཟིན་ནས་ཉེ་བའི་ལོ་20རིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཏ་ལི་ཀྲོའུ་ཡིས་ཨེར་ཧའེ་མཚེའུ་སྲུང་སྐྱོང་དང་འབྱུང་འཕྲོད་འཕེལ་རྒྱས་ལ་བརྟེན་ནས་ཏ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཡོངས་ཀྱིས་མཚེའུ་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་ངང་མཚེའུ་བཅོས་སྐྱོང་། མ་ལག་ལ་བརྟེན་ནས་མཚེའུ་བཅོས་སྐྱོང་། ཁྲིམས་ལྟར་མཚེའུ་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ནས་ཨེར་ཧའེ་མཚེའུ་སྲུང་སྐྱོང་གི་གནད་སྨིན་བཅོས་སྐྱོང་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་སྟེ་ཆུ་སྤུས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་དངོས་བཅས“ཕྱོགས་གསུམ་གཞི་གཅིག”རིམ་གྱིས་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    གོམ་སྟབས་རྗེས་མར། ཏ་ལི་ཀྲོའུ་ཡིས་མཚེའུ་ནང་འཇུག་པའི་ཆུའི་ཆུ་སྤུས་ལེགས་སུ་གཏོང་བ་དང་། ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས། མཚེའུའི་སྐྱེ་ཁམས་སླར་གསོ་སོགས“ལོ་གསུམ་མཐོར་གཏོང་བྱ་སྤྱོད”9ཞིབ་ཕྲའི་ངང་ལག་བསྟར་བྱས་ནས། ཨེར་ཧའེ་མཚེའུ་ཆུ་ཚད་མཐོན་པོས་སྲུང་སྐྱོང་དང་ཆུ་བོ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་ཨེར་ཧའེ་མཚེའུ་ཡི་རྣམ་པ་ནམ་ཡང་གནས་ཐུབ་པ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།