དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • གནའ་བོའི་ཉམས་འགྱུར་ལྡན་པའི་ཅ་ཀྲོའུ་རུ་ལོ་གསར་གྱི་རྣམ་པ་ཟབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཡུང་ཀྲན།   |     སྤེལ་དུས།  2023-01-29

    དཔྱིད་གསར་དུས་ཆེན་རིང་། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་གྱི་གྲོང་ཁྱེར་དབུས་ཁུལ་དུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་སྐབས་ཤར་ཞིང་། ལོ་ངོ་1400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་གྲོང་སུའུ་ཅི་ནི་ལེ་ཧྲན་གྱི་བྲོ་ལྡན་གླང་ཤའི་འབྱུང་ཁུངས་ཡིན་པ་དང་ལོ་ལྟར་དེ་གར་གླང་ཤ་ཟ་བར་ཡོང་མཁན་མི་ཉུང་བ་ཞིག་ཡོད། མིག་སྔར། བྲོ་ལྡན་གླང་ཤ་ནི་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་འཇུག་པའི་རེ་འདུན་ལམ་ལྷོངས་བྱུང་བ་རེད། དཔྱིད་གསར་དུས་ཆེན་རིང་། མངོན་མིན་རིག་གནས་ཤུལ་བཞག་དེ་བས་ལེགས་པའི་སྒོ་ནས་དྲིལ་བསྒྲགས་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བྲོ་ལྡན་གླང་ཤའི་གསོལ་སྟོན་གནའ་བོའི་གྲོང་རྡལ་དེར་བཤམས་པ་རེད། ལོ་རབས་ཀྱི་ཉམས་འགྱུར་གྱིས་ཡོངས་སུ་ཕྱུག་པའི་རྐུབ་བཀྱག་རིང་པོ་དང་སྒྲོག་ཙེ་གྲུ་བཞི་མང་པོ་ཞིག་གླང་ཆེན་འགྱིང་རིའི་གཙང་འགྲམ་དུ་གྲལ་སྟར་བསྒྲིགས་པོས་བསྒྲིགས་པ་དང་། ཞབས་ཞུ་བས་ཀྱང་སྔ་ལུགས་ཇི་བཞིན་སྐུ་མགྲོན་ལ་སྣེ་ལེན་ཞུ་བ་དང་། ས་གནས་ས་ཐོག་ཏུ་ད་དུང་གླང་ཤ་བཟོ་བའི་བརྒྱུད་རིམ་ལ་ལྟ་ཐུབ་པ་མ་ཟད། མགོ་བོ་བཏེགས་ནས་མཛེས་ལྗོངས་ལ་ལྟ་བ་དང་མགོ་བོ་བསྒུར་ཏེ་ཞིམ་ཟས་ལ་རོལ་ཆོག ཡུལ་སྐོར་གྱི་རྣམ་པར་ཡུལ་སྐོར་བ་ཚོ་བློ་ཡིད་ཚིམ་པོ་བྱུང་ཡོད།

    “དེ་རིང་གནའ་བོའི་གྲོང་རྡལ་དུ་ཡུལ་སྐོར་ལ་ཡོང་བ་ཡིན། འདི་གར་གླང་ཤ་ཟ་མཁན་མང་པོ་འདུག ང་ཚོས་ཀྱང་ཞིམ་ཟས་སྒྲོག་ཙེ་སྡག་སྡག་གང་བསྒྲིགས་ནས་བཟས་པ་ཡིན། བྲོ་ལྡན་གླང་ཤ་ཧ་ཅང་སོས་པ་ཡིན་པའི་ཚོར་སྣང་བྱུང་ལ། ཚང་མ་ཁྱིམ་དུ་ལོ་གསར་གྱི་ལྟོ་ཆས་ཟ་བ་དང་འདྲ་བའི་མྱོང་ཚོར་ཟབ་མོ་ཞིག་བྱུང”ཞེས་ཡུལ་སྐོར་བ་དབྱི་ཅན་ཆུན་གྱིས་བཤད།

    ལེ་ཧྲན་གྲོང་ཁྱེར་གྱི་གྲོང་ཁྱེར་དབུས་ཁུལ་གྱིས་གནའ་གྲོང་སུའུ་ཅི་ཡི་འཛུགས་སྐྲུན་ལ་བརྟེན་ནས་ས་མིང་རིག་གནས་དང་། ཡུལ་སྐད་རིག་གནས། གྲུ་ཁའི་རིག་གནས། ཞིམ་ཟས་རིག་གནས་སོགས་ས་ཆའི་ལོ་རྒྱུས་རིག་གནས་ལ་ཞུན་བརྡར་བྱས་ཏེ། ས་ཁོངས་རིག་གནས་ཀྱི་མཚོན་རྟགས་སྐྱེད་སྲིང་བྱས་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་ཕྱིན་ཡོད། 2023ལོའི་དཔྱིད་གསར་དུས་ཆེན་རིང་། གནའ་གྲོང་སུའུ་ཅིས་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་འཁྲབ་སྟོན་དང་ས་གནས་ས་ཐོག་གི་ཞིམ་ཟས་གསོལ་སྟོན་བཤམས་ནས་ཉིན་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་སྐུ་འདྲ་གྲགས་ཅན་དང་། གྲོང་ཁྱེར་གྲགས་ཅན། ཟས་མཆོག་གྲགས་ཅན་བཅས་ཡུལ་སྐོར་གྱི་སྤུས་རྟགས་ཆེན་པོ་གསུམ་མུ་མཐུད་བཏོད་དེ། “ཡུལ་སྐོར་བར་དྲོ་སྐྱིད་སྦྱིན་པ་དང་ཡུལ་སྐོར་བར་གཅེས་སྐྱོང་བྱེད་པའི”བྱ་སྤྱོད་ལེགས་སུ་བཏང་བས། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དེ་གའི་མཛེས་ལྗོངས་ཁུལ་དང་ཁྲོམ་གཞུང་གང་སར་སྤྲོ་འཆམ་བྱེད་པའི་ལོ་གསར་གྱི་བདེ་སྐྱིད་རྣམ་པ་ཞིག་མངོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།