དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྒྱལ་ཁབ་མང་པོར་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-01-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མར་ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་མི་སྣ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། རྒྱལ་ཁབ་མང་པོའི་མཛའ་གྲོགས་སྒྲིག་གཞི་བཅས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་དང་སྲོལ་རྒྱུན་གྱི་དུས་ཆེན་ལས་མི་རྣམས་ལ་བྱུང་བའི་དྲོ་སྐྱིད་དང་། དགའ་སྤྲོ། རེ་སྒུག་བཅས་མཉམ་སྤྱོད་བྱས་པ་རེད།

    ཚེས་22ཉིན་བྷོ་ཧེར་གྱི་ཐེ་ལེ་པི་ཉེ་གྲོང་ཁྱེར་དུ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་འཁྲབ་སྟོན་བྱས་པ་དང་། བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅིས་ཕིང་དང་། ཐེ་ལེ་པི་ཉེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཆིའུ་ལི་ཆི། ས་གནས་དེ་གའི་དམངས་ཚོགས་བཅས་དང་དེ་བཞིན་བྷོ་ཧེར་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་300ལྷག་ཙམ་ཞུགས་ཡོད་པ་རེད། འཁྲབ་སྟོན་དེ་འཁྲུག་ཆ་དོད་པའི《དཔྱིད་གསར་དུས་ཆེན་གྱི་འགོ་འཛུགས་གླུ་དབྱངས》ཁྲོད་འགོ་ཚུགས་ཤིང་། རྒྱལ་ཁབ་གཉིས་པོའི་སློབ་མས《ང་ཡི་ཀྲུང་གོར་དགའ》ཞེས་པའི་གླུ་གཞས་མཉམ་གཏོང་བྱས་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་ཡུའེ་ཅུས་ཁྲང་ཞི“ཅིང་ཧུང་ཞབས་བྲོ”འཁྲབ་པ་དང་ཡིག་གཟུགས་འབྲི་བ་བཅས་བྱས་ནས་ལྟད་མོ་བས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་བྱས་པ་རེད།

    དཔྱིད་གསར་དུས་ཆེན་རིང་ཨེ་ཁྭ་ཏོར་གྱི་སི་མའོ་ཝུའེ་ཧྭ་རྒྱལ་སྤྱིའི་སློབ་གྲྭའི་ནང་ལྒང་བཞུ་དམར་པོ་བཀལ་བ་དང་། སློབ་ཁང་ནང་དཔྱིད་གསར་གྱི་ཆ་ཡིག་སྦྱར་བ། སྒེའུ་ཁུང་ལ་ཤོག་དྲས་མེ་ཏོག་དམར་པོ་སྦྱར་ཡོད་པས་སློབ་གྲྭ་ཡོངས་སུ་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། སློབ་གྲྭས་ད་དུང་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་བྱེད་སྒོ་ཆེ་གྲས་སྤེལ་བ་དང་སློབ་ཕྲུག་ཚོས་ཁྱིམ་བདག་དང་སྐུ་མགྲོན་ཚོར་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་འདྲེས་ཀྱི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་ཇའི་རིག་གནས་དང་། འཇིམ་མི་བཟོ་བ། ཀྲུང་གོའི་ཤོག་དྲས་དང་རི་མོ་འབྲི་བ་སོགས་ཀྱི་རྩལ་ནུས་ཀྱང་སྟོན་པ་རེད།

    ཁེ་རི་པ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཉེ་ཆར་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། ཁེ་རི་པ་སིའི་ཙུང་ཐུང་མ་མའོ་དང་། གྲོས་དཔོན་ལི་ཐེ་སོགས་ཁེ་རི་པ་སིའི་དཔོན་རིགས། ཁེ་རི་པ་སིར་བཅའ་སྡོད་ཕོ་ཉ་ཚོགས་པ། ཁེ་རི་པ་སིར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་ཁེ་རི་པ་སིར་རོགས་སྐྱོར་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་སྨན་བཅོས་རུ་ཁག ཀྲུང་གོའི་མ་འཇོག་ཁེ་ལས་བཅས་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་སོགས་300ཙམ་མཉམ་འཛོམས་ཀྱིས་ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    2023ལོར་འཇར་མན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་ཚོགས་འདུ་ཚེས་22ཉིན་ཧྥ་ལན་ཁེ་ཕུའུ་རུ་འཚོགས་པ་དང་། ཧྥ་ལན་ཁེ་ཕུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་སུན་ཚུང་པིན་དང་ཧྥ་ལན་ཁེ་ཕུའུ་ཡི་གྲོང་སྲིད་ཨུ་ཡོན་མའེ་ཁེ·གཡོད་སེ་ཕུའུ་མཉམ་སྤྲོའི་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་པ་རེད། གཡོད་སེ་ཕུའུ་ཡིས་ཧྥ་ལན་ཁེ་ཧྥུའུ་གྲོང་ཁྱེར་སྲིད་གཞུང་གིས་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་ཧྥ་ལན་ཁེ་ཕུའུ་འདི་ཉིད་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་དུ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་འཇར་མན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ལྷག་བསམ་ཟོལ་མེད་ཀྱི་ལོ་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད།

    སི་ལོ་ཝ་ཁེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ལི་ཅེས་ཚེས་22ཉིན་སི་ལོ་ཝ་ཁེར་བྱེས་སྡོད་ཕྱིར་སྡོད་རང་མིའི་དཔྱིད་གསར་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ“དཔྱིད་གསར་གྱི་དྲོ་སྐྱིད་ཁུག་མ”ཡང་སྤྲད་པ་རེད། ཚོགས་ཞུགས་འཐུས་མིས་སི་ལོ་ཝ་ཁེར་བྱེས་སྡོད་ཕྱིར་སྡོད་སྤུན་ཟླ་ཚོས་མུ་མཐུད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཀྲུང་གོ་དང་སི་ལོ་ཝ་ཁེ་ཡ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

    ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཉེ་ཆར“དྲོ་སྐྱིད་ལྡན་པའི་དཔྱིད་གསར་བསུ་བའི”ཕྱིར་སྡོད་རང་མིར་འཚམས་འདྲི་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆན་མིན་ཅན་གྱིས་ལེ་པ་ནོན་ལ་རོགས་སྐྱོར་བྱེད་པར་སྐྱོད་མཁན་ཀྲུང་གོ་རྒྱལ་ཁབ་ཀྱི་མཐོ་རིམ་རོལ་དབྱངས་སློབ་གླིང་གི་རྣམ་གྲངས་གནས་ཡུལ་དང་ལེ་པ་ནོན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་དཔུང་སྡེའི་སྒར་ཁུལ་དུ་འཚམས་འདྲི་བྱས་པ་དང་འབྲེལ་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད།

    དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཆི་ལིའི་ཀྲུང་གོར་རོགས་རམ་ལྟེ་གནས་དང་ཆི་ལིའི་ཀྲུང་གོའི་ཚོང་པའི་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཚེས་23ཉིན་ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད། ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་འཐུས་མི་དང་དེ་བཞིན་ཆི་ལིར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་ཁག་གི་འགན་འཁུར་བས་ས་གནས་དེ་གའི་འབྲུག་རྩེད་དང་སེང་རྩེད་སྒྱུ་རྩལ་ཚོགས་པའི་རོགས་རམ་འོག་རྒྱལ་ས་སན་ཐེ་ཡ་ཀོར་ཆི་ལིར་བྱེས་སྡོད་ཕྱི་ཁོངས་ཀྲུང་གོ་བའི་ལས་ཀ་དང་འཚོ་བ་གཅིག་སྡུད་ཁུལ་དུ་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    ཚེས་23ཉིན་གྱི་དགོང་མོ་ཧོ་ལན་གོང་མ་ཚང་བཟོ་ལས་སྤྲོ་སྐྱིད་ཁང་གིས་ལྒང་བཞུ་དམར་པོ་དང་རི་བོང་དབྱིབས་ཀྱི་ཚོན་ཁྲ་ཅན་གྱི་ལྒང་བཞུ་བཀལ་བ་དང་ཧོ་ལན་གྱི་ལས་རིགས་ཁག་གི་མི་སྣ་དང་། ཧོ་ལན་དུ་བཅའ་སྡོད་རྒྱལ་ཁབ་ཁག་གཅིག་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་ཕོ་ཉ། དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་སོགས་120ཙམ་དེ་གར་2023ལོའི་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པའི“ཨ་མུའུ་སི་ཐེ་ཏན་གྱི་པེ་ཅིང་གི་མཚན་མོའི”མཚན་ཚོགས་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།