དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རང་རྒྱལ་གྱི་གོ་ཆོད་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་36.7%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-01-28

    རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《2022ལོའི་ཀྲུང་གོའི་ཁེ་བེད་བདག་ཐོབ་བརྟག་དཔྱད་སྙན་ཞུ》ལས་མངོན་པར། 2022ལོར་རང་རྒྱལ་གྱི་གོ་ཆོད་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་36.7%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.3མཐོ་རུ་ཕྱིན་ཡོད། དེའི་ནང་ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་48.1%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.3མཐོ་རུ་ཕྱིན་ཡོད་པ་རེད།

    ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་ལས་ཁེ་བེད་བདག་ཐོབ་དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་བ་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མཚོན་གྱི་ཡོད། མིག་སྔར་རྒྱལ་ནང་གི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་གོ་ཆོད་ཚད་ཁྲོད་ཀྱི་བཅུ་ཆ་བདུན་ཙམ་ཁེ་ལས་ལ་དབང་བ་དང་ཁེ་ལས་ཀྱི་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་དེའི་གསར་གཏོད་གྲུབ་འབྲས་གཞན་སྒྱུར་གྱི་བྱེད་པོའི་གནས་བབ་ཀྱང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    2022ལོར་རྒྱལ་ནང་གི་ཁེ་ལས་ཆེ་གྲས་དང་འབྲིང་གྲས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་སོ་སོར་50.9%དང་55.4%ཟིན་ནས་ལོ་གོང་མ་ལས་སོ་སོར་བརྒྱ་ཆའི་གྲངས་3.8དང་0.8འཕར་བ་དང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་དང་ཆེད་ལེགས་ཁྱད་གསར་གྱི“ཁྱིའུ་མི་ཆེན”ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་སོ་སོར་56.1%དང་65.3%ཟིན་ནས་རང་རྒྱལ་ཁེ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་སོ་སོར་བརྒྱ་ཆའི་གྲངས་8དང་17.2མཐོ་བ་ཡོད་པ་རེད།

    ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ཀྱིས་ཀྱང་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། 2022ལོར་རང་རྒྱལ་གྱི་མཐོ་སློབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་3.9%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.9མཐོ་རུ་ཕྱིན་ཡོད། ཉེ་བའི་ལོ་གཉིས་ནང་ཁེ་བེད་བདག་ཐོབ་དབང་མཁན་ཨང་དང་པོ་ཡིན་པའི་མཐོ་སློབ་ཀྱི་ཐོན་སློབ་ཞིབ་གསུམ་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་17.8%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།