དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • བདེ་སྐྱིད་མེ་ཏོག་སླར་ཡང་བཞད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་མའོ་དབྱིན།   |     སྤེལ་དུས།  2023-01-28

    དཔྱིད་གསར་དུས་ཆེན་ཤར། ལོ་གསར་རྣམ་པ་ཟབ། ལུགས་རྙིང་ལོའི་རྒྱལ་ཟླའི་ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར། ཡུན་ནན་ཁུན་མིང་གི་གྲོང་མི་ཧོ་ཤིའུ་ཀྲེན་དཔྱིད་གསར་དུས་ཆེན་ལ་བཀྲག་མདངས་ཤིག་སྣོན་ཕྱིར། ཆེད་མངགས་ཏོའུ་ནན་མེ་ཏོག་ཁྲོམ་རར་ལོ་གསར་གྱི་མེ་ཏོག་འདེམས་པར་ཡོང་བ་རེད། དཔྱིད་གསར་དུས་ཆེན་འཆར་རིམ་བཞིན་རྒྱ་སེ་མེ་ཏོག་དང་། ལུག་མཉེའི་མེ་ཏོག དེ་བཞིན་བ་ལུ་དང་ཅུ་ལི་ཆུང་སོགས་དམར་མདངས་བཀྲ་བའི་ལོ་གསར་གྱི་མེ་ཏོག་ལ་མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    “མེ་ཏོག་སོས་པ་ཉོས་ནས་ཁྱིམ་ལ་མཛེས་རྒྱན་སྤྲས་ན་སེམས་པ་སྐྱིད་པོ་འདུག་ལ་ལོ་གསར་པར་བཀྲ་ཤིས་ཡོང་རེ་བྱེད་ཀྱི་ཡོད”ཅེས་མེ་ཏོག་ཁྲོམ་རར་འབྱོར་ནས་ཅུང་མ་འགོར་བར་ཧོ་ཤིའུ་ཀྲེན་གྱིས་མེ་ཏོག་པང་གང་ཉོས་ནས་དེ་ལྟར་བཤད།

    ཏོའུ་ནན་མེ་ཏོག་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ཤིང་། མེ་ཏོག་འཚོང་མཁན་ལིའུ་ཡུས་ཀྱིས་མེ་ཏོག་ཕྱེ་མ་ལེབ་རེ་རེ་བཞིན་ཚོས་གཞི་བསྒྲིགས་ནས་ཁོག་མའི་ནང་བླུགས་བཞིན་འདུག ཞོགས་པ་ཚོང་ཁང་སྒོ་ཕྱེ་བ་ནས་བཟུང་ཁོང་ལ་ཧ་ལམ་ངལ་གསོ་རྒྱག་ཁོམ་མ་བྱུང་བར་མེ་ཏོག་ཆུན་པོ་བརྒྱ་ལྷག་ཙམ་བྲིན་ཡོད་པ་རེད། “མེ་ཏོག་ཕྱེ་མ་ལེབ་ཀྱི་ཁ་དོག་ཇི་ཙམ་གྱིས་བཀྲག་མདངས་ཆེ་བ་ཡོད་ན་དེ་ཙམ་གྱིས་བྲིན་ཁ་རྒྱུག་པ་འདུག”ལིའུ་ཡུས་ཀྱི་ཁྲོམ་བཀྱག་མདུན་དུ་ཧོ་ཤིའུ་ཀྲེན་གྱིས་ཕྱེ་མ་ལེབ་ངོ་མ་ལྟར་མཛེས་སྡུག་ལྡན་ལ་གྲུང་ཤ་དོད་པའི་མེ་ཏོག་ཟིང་སྐྱ་མང་པོ་འདེམས་སྒྲུག་བརྒྱབ་ནས་ཉོས་པ་རེད།

    མེ་ཏོག་སོས་པའི་དཔལ་འབྱོར་སླར་གསོ་བྱུང་བ་དང་བསྟུན་ནས། དཔྱིད་གསར་དུས་ཆེན་གོང་ཏོའུ་ནན་མེ་ཏོག་ཁྲོམ་རར་ཆ་སྙོམས་ཉིན་རེར་མེ་ཏོག་ཉོ་མཁན་མི་ཁྲི་3ལྷག་ཙམ་ཟིན་གྱི་ཡོད་པ་དང་། ཉིན་རེར་ཆ་སྙོམས་མེ་ཏོག་སོས་པ་ཁྲི་2000ལྷག་ཙམ་བྲིན་གྱི་ཡོད་པ་རེད། ཐད་གཏོང་མེ་ཏོག་ཚོང་མཁན་མི་ཉུང་བ་ཞིག་གིས་ད་དུང་ཐད་གཏོང་དང་བརྙན་ཐུང་ཕབ་བཟོ་སོགས་ཀྱི་བྱེད་ཐབས་བརྒྱུད་དྲ་ཐོག་ནས་མེ་ཏོག་སོས་པ་འཚོང་གི་ཡོད་པ་རེད།

    མེ་ཏོག་སོས་པ་འཛད་སྤྱོད་པའི་ལག་ཏུ་གང་མགྱོགས་འབྱོར་བར་བྱ་ཆེད། ཏོའུ་ནན་མེ་ཏོག་ཁྲོམ་རའི་ཟོག་འགྲེམས་མ་ལག་ཀྱང་རིམ་སྤོར་བྱེད་མགྱོགས་སུ་བཏང་ཞིང་། དང་ཐོག་གི་གཞུང་ལམ་རྐྱང་པ་བརྒྱུད་སྐྱེལ་འདྲེན་བྱེད་པ་ནས་ད་ཆ་མཁའ་འགྲུལ་དང་མྱུར་བགྲོད་ལྕགས་ལམ་བརྒྱུད་སྐྱེལ་འདྲེན་བྱེད་ཀྱི་ཡོད། 2022ལོར་ཏོའུ་ནན་མེ་ཏོག་ཐོན་ལས་གླིང་གི་ལོ་རེའི་ཉོ་ཚོང་གྲངས་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་ནས་མེ་ཏོག་སོས་པ་ཉོ་ཚོང་བྱེད་ཚད་རྐང་དུང་ཕྱུར་110ལས་བརྒལ་བ་དེ་དུས་མཚུངས་ལས་7.6%འཕར་བ་དང་། ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་121ལས་བརྒལ་བ་དེ་དུས་མཚུངས་ལས་8.04%འཕར་ཡོད་པ་རེད།

    ཏོའུ་ནན་མེ་ཏོག་ཁྲོམ་ར་ནས་མེ་ཏོག་སོས་པ་བར་མི་ཆད་པར་མཁོ་འདོན་བྱས་ཏེ་ཁྱིམ་ཚང་མང་པོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། “མེ་ཏོག་སྔར་བས་བཀྲག་མདངས་ཆེ་རུ་འགྲོ་བཞིན་ཡོད་ལ། ང་ཚོའི་འཚོ་བའང་སྔར་བས་ཡག་ཏུ་འགྲོ་སྲིད”ཅེས་ཧོ་ཤིའུ་ཀྲེན་གྱིས་པང་ཁ་དང་ཕྲག་སྟེང་དུ་མེ་ཏོག་འཁྱོག་ཚད་འཁྱེར་ནས་ཁྱིམ་དུ་ལོག་གིན་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།