རྔ་དང་འཁར་རྔ་བརྡུངས། འབྲུག་རྩེད་འཁྲུག་ཆ་དོད། ཟླ་1ཚེས་24ཉིན་ནི་ལོ་གསར་ཚེས་གསུམ་ཡིན་ཞིང་། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་ཐུང་ཀོན་ཆུས་ཤིས་ཧུའུ་གྲོང་རྡལ་དུ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ཀྲོའུ་ཅ་ཧྲན་གྱི་སྲོལ་རྒྱུན་འབྲུག་རྩེད་གྲོང་ཚོར་བརྩེས་པ་ལས་ཡུལ་མི་ཚོར་སྲོལ་རྒྱུན་ལོ་གསར་གྱི་དགའ་བ་དཔག་མེད་སྐྱེས།
ཉིན་དེའི་ཕྱི་དྲོར། གྲོང་ཚོའི་བཟོ་བོ་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད་འབྲུག་སྒྲོན་སྤུས་ལེགས་ཤིག་གྲུབ་པ་རེད། ཤིས་ཧུའུ་གྲོང་རྡལ་གྱི་2023ལོའི་གྲོང་གསེབ་ཀྱི་མཚན་ཚོགས་དང“མངོན་མིན་རིག་གནས་ཤུལ་བཞག་གི་ལོ་གསར་གཏོང་བའི”འབྲུག་སྒྲོན་སྨོན་ལམ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། འདི་ལོའི་འབྲུག་སྒྲོན་གྱི་སྨོན་ལམ་བྱེད་སྒོ་ཟླ་དང་པོའི་ཚེས་3ནས་ཚེས་15ཉིན་བར་སྤེལ་གྱི་ཡོད་པ་དང་། དེའི་རིང་ཡུལ་མི་ཚོས་མཉམ་དུ་ལོ་གསར་ལ་རོལ་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧེང་ཐང་གྲོང་ཚོའི་ཀྲོའུ་ཅ་ཧྲན་གྱི་སྲོལ་རྒྱུན་འབྲུག་སྒྲོན་བཟོ་རྩལ་ལ་ལོ་ངོ་100ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
ཀྲོའུ་ཅ་ཧྲན་འབྲུག་སྒྲོན་མཐུན་ཚོགས་ཀྱི་ཚོགས་གཙོ་མངོན་མིན་རིག་གནས་ཤུལ་བཞག་གི་ཤུལ་འཛིན་པ་ཁྲེན་ཁའེ་མིང་གིས་གསར་འགོད་པར། ངས་ལོ་19ནས་འབྲུག་སྒྲོན་བཟོ་སྟངས་སྦྱངས་པ་ཡིན། ད་བར་མི་ཚེ་ཕྱེད་ཀ་ལྷག་ཙམ་ཕྱིན་སོང་། “དཔྱིད་གསར་དུས་ཆེན་གྱི་འབྲུག་རྩེད་ནི་རྒན་རབས་ཚོས་བཞག་པའི་སྲོལ་རྒྱུན་བཟང་པོ་ཞིག་རེད། གཙོ་བོ་ལོ་གསར་པར་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ་དང་སྤྱིར་བཏང་བྱས་ན་ལོ་གཉིས་ནས་གསུམ་བར་ཐེངས་རེ་གཉེར་གྱི་ཡོད། གཉེར་ཐེངས་ཚང་མར་གྲོང་ཚོའི་རྒན་རབས་ཚོས་འབྲུག་མགོར་མཛེས་རྒྱན་སྤྲོས་པ་དང་འབྲུག་གཟུགས་བཟོ་ཀྱི་ཡོད། འབྲུག་རྩེད་རྩེ་མཁན་ཚང་མས་གཟུགས་པོ་གཙང་མར་བཀྲུས་རྗེས་གཞི་ནས་བརྩེ་ཆོག་གི་ཡོད”ཅེས་བཤད། ཁྲེན་ཁའེ་མིང་གིས་དགའ་ཚོར་བྱེད་འོས་པ་ཞིག་ནི་གཞོན་ནུ་དེ་བས་མང་བས་འབྲུག་སྒྲོན་བཟོ་རྩལ་སྦྱོང་གི་འདུག འདི་ལོ་ཁོ་ཚོས་ཤིས་ཧུའུ་གྲོང་རྡལ་གྱི་གྲོང་ཚོ་དང་སྡེ་ཁུལ་ཚང་མར་བསྐྱོད་དེ། ཡུལ་མི་ཚོར་ཚ་ཚ་འུར་འུར་ངང་ལོ་གསར་གཏོང་བའི་རྣམ་པ་མྱོང་ཐུབ་པར་བྱས་པ་མ་ཟད། ད་དུང་མི་དེ་བས་མང་བས་སྲོལ་རྒྱུན་བཟོ་རྩལ་ཤེས་རྟོགས་ཐུབ་པར་བྱས་པ་དེ་རེད།
ཧེང་ཐང་གྲོང་ཚོ་ནས་ལན་ཕུའུ་གྲོང་ཚོའི་བར་གྱི་ས་ཆ་ཚང་མར་གློག་སྒྲོན་གྱིས་བརྒྱན་པ་དང་ཕྱི་དབྱིབས་མཛེས་པའི་འབྲུག་སྒྲོན་གྱིས་ཡུལ་མི་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག ཧེང་ཐང་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཁྲེན་རན་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ“ང་རང་ཧ་གཉིད་གོ་བ་ནས་བཟུང་འབྲུག་རྩེད་ལ་དགའ་པོ་ཡོད་མོད། འོན་ཀྱང་དེ་ལོ་གསར་ལ་མ་གཏོགས་རྩེ་ཡི་མེད། ཆུང་དུས་མཚན་མོ་ཕྱི་པོ་ག་ཚོད་ཆགས་རུང་འབྲུག་གི་མཇུག་མ་དེད་ནས་འགྲོ་བ་ལ་སོགས་ལས་བཀྲ་ཤིས་པ་མཚོན་གྱི་ཡོད”ཅེས་བཤད།
“འབྲུག་རྩེད་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་གསར་གཏོང་སྐབས་ཀྱི་སྲོལ་རྒྱུན་ཞིག་རེད། འདི་ལོ་ང་ཚོས་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ། ཤིས་ཧུའུ་གྲོང་རྡལ་ཧེང་ཐང་གྲོང་ཚོའི་ཀྲོའུ་ཅ་ཧྲན་གྱི་འབྲུག་རྩེད་ཆེད་མངགས་གདན་དྲངས་ནས། ནང་མི་མཉམ་འཛོམས་ཀྱི་ཉིན་མོར་ཚང་མས་སྲོལ་རྒྱུན་ལོ་གསར་གྱི་རྣམ་པ་ལྡན་པའི་བཀྲ་ཤིས་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རེ་ཡོད”ཅེས་ཐུང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲ་ཞ་ཧྥང་གིས་བཤད།