དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ང་ཚོས་བརྩེ་བ་ཆེན་པོས་ཨ་ཐེན་སིར་ཀྲུང་གོའི་ཡུལ་སྐོར་བ་སྒུག་བཞིན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡུས་ཧྲོའེ་ཧྲོའེ།   |     སྤེལ་དུས།  2023-01-28

    “ང་ཚོས་ཀྲུང་གོའི་མགྲོན་པོ་སྒུག་བཞིན་ཡོད། ཁོང་ཚོར་སྙིང་ཐག་པ་ནས་སྣེ་ལེན་ཞུ་འདོད་ཡོད”ཅེས་ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་སྤྱི་དམངས་ཕྱི་རྒྱལ་དུ་ཡུལ་སྐོར་དུ་བསྐྱོད་རྒྱུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པའི་སྐོར་གླེང་སྐབས། ཀེ་རི་སེའི་ཟ་ཁང་ཞིག་གི་སྦྱིན་བདག་སི་ཕུའུ་ལུའོ་སི·པེ་ལཱ་ཁེ་ཐེ་ལི་སི་ཡིས་དགའ་ཚོར་ཆེན་པོས་བརྗོད།

    པེ་ལཱ་ཁེ་ཐེ་ལི་སིའི་ཟ་ཁང་ནི་ལོ་142ཙམ་གྱི་ལོ་རྒྱུས་ལྡན་པའི་ཀེ་རི་སེའི“གྲགས་ཅན་ཟ་ཁང”ཞིག་རེད། ཨ་ཐེན་སི་གྲོང་ཁྱེར་ལྟེ་གནས་ཁ་སྤྲོད་ཀྱི་ཝུའེ་ཁྲེང་རི་གཤམ་དུ་ཡོད་པའི་མོ་ནཱ་སི་ཏེ་ལཱ་ཅི་ཁྲོམ་ར་ནི་ས་གནས་དེ་གའི་ཡུལ་སྐོར་བ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཤིག་རེད། ཀྲུང་གོའི་ཡུལ་སྐོར་བའི་སྐོར་གླེང་སྐབས། པེ་ལཱ་ཁེ་ཐེ་ལི་སིས། ཁོང་ཚོ་ཤ་བསྲེགས་མ་དང་མུའུ་ཧྲ་ཁཱ་སོགས་ཁྱད་ལྡན་ཟས་རིགས་ལ་དགའ་པོ་འདུག་ལ། ཀེ་རི་སེའི་རོལ་དབྱངས་ལའང་དགའ་པོ་འདུག “ང་ཚོས་བརྩེ་བ་ཆེན་པོས་ཨ་ཐེན་སིར་ཀྲུང་གོའི་ཡུལ་སྐོར་བ་སྒུག་བཞིན་ཡོད”ཅེས་བརྗོད།

    ཨེ་ཕུའུ་ཡེ་ཉི་ཨའོ་སི·ཝ་ཤིས་ལི་ཁེ་སི་ནི་ཀེ་རི་སེའི་ཨར་ཁང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རེད་ལ། ཨ་ཐེན་སི་གྲོང་ཁྱེར་དང་ཨ་ཐི་ཁཱ་ཁུལ་ཆེན་སོགས་ས་གནས་ཨར་ཁང་མཐུན་ཚོགས་ཀྱི་དྲུང་ཆེ་ཡང་རེད།

    ཝ་ཤིས་ལི་ཁེ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལེགས་སུ་བཏང་བ་ལས་ཀེ་རི་སེའི་ཨར་ཁང་ལས་རིགས་འཕེལ་རྒྱས་འགྲོ་ཤུགས་ཆེ་རུ་སོང་འདུག ཀེ་རི་སེའི་ཨར་ཁང་གི་གཉེར་སྐྱོང་བས་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་མང་དུ་འགྲོ་རྒྱུའི་རེ་སྒུག་བྱེད་པ་མ་ཟད། ཀྲུང་གོའི་ཡུལ་སྐོར་ཁྲོམ་རའི་འཕེལ་ཕྱོགས་ལ་དོ་ཁུར་བྱས་ནས་ཀྲུང་གོའི་ཡུལ་སྐོར་བའི་དགོས་མཁོ་སྐོང་རྒྱུའི་གྲ་སྒྲིག་ཨང་བསར་བྱས་ཡོད་ཅེས་བརྗོད།

    2022ལོའི་ཟླ་12ཚེས་22ཉིན་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ཨ་ཐེན་སི་ནས་ཧྲང་ཧའེ་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་བཏོད་ཅིང་། དེ་གོང་པེ་ཅིང་ནས་ཨ་ཐེན་སི་བར་གྱི་ཐད་གཏོང་མཁའ་ལམ་ཡང་2022ལོའི་ཟླ་7པར་སླར་གསོ་བྱུང་ཡོད། ཀྲུང་གོའི་ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་རིང་ཨ་ཐེན་སིའི་རྒྱལ་སྤྱིའི་གནམ་ཐང་གིས་ད་དུང་གཟུགས་དབྱིབས་རི་བོང་ཡིན་པའི་བཀྲ་ཤིས་གཡང་ནོར་ཞིག་བཀོད་སྒྲིག་བྱས་ཏེ། འགྲུལ་པར་བཀྲ་ཤིས་སྨོན་འདུན་ཞུས་ནས་སྤྲོ་བ་དཔག་མེད་སྦྱིན་ཡོད།

    ཉིན་ཤས་གོང་ཨ་ཐེན་སི་རྒྱལ་སྤྱིའི་གནམ་ཐང་གི་ཁྱབ་སྤེལ་དང་ཁྲོམ་ར་པུའི་འགན་འཁུར་བ་གཡོད་ཨན་ནཱ·ཕཱ་ཕཱ་ཏུའུ་ཕུའུ་ལུའོ་ཡིས། ཨ་ཐེན་སི་ནས་ཧྲང་ཧའེ་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་ཤར་གཏོང་ཐུབ་པ་ནི་ལོ་གསར་པའི་ནང་གི་གཏམ་བཟང་ཞིག་རེད། ཀྲུང་གོའི་ཁྲོམ་ར་ནི་ཨ་ཐེན་སི་གནམ་ཐང་དང་ཨ་ཐེན་སི་གྲོང་ཁྱེར་ཙམ་མ་ཟད། ཀེ་རི་སེའི་རྒྱལ་ཡོངས་ཀྱི་ཁྲོམ་ར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་རེད། ཀྲུང་གོའི་ཡུལ་སྐོར་བ་མང་དུ་སོང་བ་དང་ཆབས་ཅིག 2023ལོར་ཀྲུང་གོའི་ཁྲོམ་ར་དེ་སླར་ཡང་ཀེ་རི་སེའི་ཡུལ་སྐོར་སོགས་འབྲེལ་ཡོད་ཐོན་ལས་འཕར་མགྱོགས་ཤོས་ཀྱི་ལས་སྒོའི་གྲས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་བརྗོད།

    “ང་ཚོས་ཀྲུང་གོའི་ཡུལ་སྐོར་བ་ཚོ་ཧ་ཅང་དྲན་བྱུང་། ཀྲུང་གོའི་ཡུལ་སྐོར་བར་དགའ་བསུ་ཞུ་བའི་གྲ་སྒྲིག་ཨང་བསར་བྱས་ཡོད”ཅེས་ཕཱ་ཕཱ་ཏུའུ་ཕུའུ་ལུའོ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།