དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ”བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-13

    ཟླ་12ཚེས་10ཉིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ”བོད་ལྗོངས་མི་རིགས་སློབ་ཆེན་ཝུའེ་གྲོང་སློབ་ཁུལ་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་འཚོགས་ཤིང་། ཚན་ཞིབ་ཁང་དང་སྒྲིག་གཞི་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་མང་པོ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དགེ་རྒན་ཆེ་མོ་བ་ལིའུ་ཁའེ་ཡིས་བརྗོད་དོན། ཉེ་བའི་ལོ་ཤས་རིང་། སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སློབ་གཉེར་ལ་བརྟེན་ནས་སློབ་གྲྭ་སྐྱོང་བ་དང་སློབ་ཁྲིད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། 2020ལོར། སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་ལྟེ་གནས་བཙུགས་ནས་འབྲེལ་ཡོད་གནད་དོན་གྱི་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། 2021ལོའི་ཟླ་3པར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་ལྟེ་གནས་དེ“བོད་ཀྱི་མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས”ལ་གཏན་འཁེལ་བྱས་ཤིང་། 2022ལོའི་ཟླ་4པར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་ཐིང་། མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ལྟེ་གནས་དེ་རང་སྐྱོང་ལྗོངས་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཞིབ་འཇུག་རྟེན་གཞིར་གྱུར་ཡོད། ལྟེ་གནས་བཙུགས་པ་ནས་བཟུང་། ལྟེ་གནས་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཞབས་འདེགས་ཞུ་བ་ཁྲིད་སྟོན་དུ་བྱས་ཏེ། རིག་གཞུང་གསར་གཏོད་དང་། ཤེས་ལྡན་པ་གསོ་སྐྱོང་། ཐབས་ཇུས་བློ་འདྲི། རིག་གཞུང་སྤེལ་རེས་བཅས་འཛུགས་སྐྱོང་གི་དམིགས་ཚད་དུ་བྱས་པས་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ལུའུ་ཧྲེང་ཧྭ་ཡིས་ངོ་སྤྲོད་བྱས་དོན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བོད་ཀྱི་སློབ་གསོའི་ལེའུ་རྩོམ་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་ལོ་འདབ་རྒྱས་པར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བཀོད་སྒྲིག་རབ་དང་རིམ་པ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་ཁང་དུ་ཁྱབ་པ་དང་། བསླབ་གཞིར་འཇུག་པ། སློབ་མའི་བསམ་བློར་ཟུག་པ་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ལས་འགན་ལྕི་ལ་ལམ་ཐག་རིང་བས་ངེས་པར་དུ་སྙིང་རུས་གཏན་འཁྱོངས་བྱེད་དགོས།

    ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། བོད་ཀྱི་མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞི། བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་མཐུན་སྦྱོར་གསར་གཏོད་ལྟེ་གནས། བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་སློབ་གླིང་བཅས་ཀྱིས་མཉམ་དུ་གཉེར་འགན་ཁུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།