དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རང་རྒྱལ་གྱི་རང་བྱུང་རླངས་ཞིང་གི་ཉིན་རེའི་ཐོན་ཚད་ཐོག་མར་དུང་ཕྱུར་ཡན་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-13

    0faf3907-750c-4683-8821-e9e6956d6178.jpg.jpg

    འདི་ནི་ནང་སོག་ཨེར་ཏོ་སི་གཤོང་སའི་ནུབ་བྱང་རྒྱུད་ཀྱི་ཁྲང་ཆིང་སྣུམ་ཞིང་སུའུ་ལི་ཀེའི་རླངས་ཞིང་ཡིན་པ།

    ཉེ་ཆར། ནང་སོག་ཨེར་ཏོ་སི་གཤོང་སའི་ནུབ་བྱང་རྒྱུད་ཀྱི་ཁྲང་ཆིང་སྣུམ་ཞིང་སུའུ་ལི་ཀེའི་རླངས་ཞིང་གི་ཉིན་རེའི་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.05ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་ཁྲི་308འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེ་ལས་སུའུ་ལི་ཀེའི་རླངས་ཞིང་རང་རྒྱལ་གྱི་ཉིན་རེའི་རང་བྱུང་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་དུང་ཕྱུར་ཡན་ཟིན་པའི་རླངས་ཞིང་ཐོག་མ་དེར་གྱུར་པ་མཚོན་པ་དང་། ཉིན་རེར་ཐོན་པའི་སོལ་རླངས་གིས་ཁྱིམ་ཚང་ཁྲི་5000ལྷག་ཙམ་གྱི་ཉིན་རེའི་འཚོ་བར་སྤྱོད་པའི་སོལ་རླངས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    སུའུ་ལི་ཀེའི་རླངས་ཞིང་ནི་རང་རྒྱལ་གྱི་སྐམ་སའི་རླངས་ཞིང་ཆེ་ཤོས་ཡིན་པ་དང་རྩད་ཞིབ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་6ཟིན་ཞིང་། སྤྱིའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་5.5ཟིན་ཡོད། པེ་ཅིང་དང་ཐེན་ཅིན་ས་ཁུལ་དང་ནང་སོག་གི་མཐའ་འཁོར་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་འགན་ལེན་བྱེད་པའི་སོལ་རླངས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པའི་སུའུ་ལི་ཀེའི་རླངས་ཞིང་གི་མདོང་ལམ་དྲ་བ་པེ་ཅིང་དང་ཐེན་ཅིན་སོགས་གྲོང་ཁྱེར་40ལྷག་ཙམ་ལ་ཁྱབ་ནས་མི་འབོར་དུང་ཕྱུར་2.5ལྷག་ཙམ་ལ་ཕན་པ་བསྐྲུན་ཡོད། མིག་སྔའི་བར་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་286.8ཐོན་ཡོད། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་སུའུ་ལི་ཀེའི་རང་བྱུང་རླངས་ཞིང་གི་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་300ཡན་ཟིན་རེ་ཡོད་ལ། དེས་རང་རྒྱལ་གྱི་སྐམ་སའི་ཚགས་དམ་པའི་སོལ་རླངས་ཐོན་ཚད་བསྡོམས་འབོར་གྱི་58%བཟུང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།