དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྒྱལ་ཁབ་ས་གཤིས་གནོད་འཚེ་རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་དྲ་བ་རིམ་བཞིན་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-13

    ཉེ་དུས་རང་བྱུང་ཐོན་ཁུངས་པུའུ་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས《ས་གཤིས་གནོད་འཚེ་ཀུན་འཕྲོད་རྣམ་པའི་བརྟག་དཔྱད་ཡོ་ཆས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ས་ཚིགས་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་གི་སྔོན་རྩིས་ཚད་གཞི》ཁྱབ་བསྒྲགས་བྱས་ནས་ཚོད་ལྟ་བྱས་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2019ལོ་ནས་2022ལོའི་བར་མ་དངུལ་སྒོར་དུང་ཕྱུར་45ཙམ་བཏང་ནས་རྒྱལ་ཡོངས་སུ་ཀུན་འཕྲོད་རྣམ་པའི་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ཚོད་ལྟའི་ས་ཚིགས་ཁྲི་4.5ལྷག་ཙམ་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་ཁྲི་8ལྷག་ཙམ་བསྐྲུན་ནས་འཁོར་སྐྱོད་བྱེད་རྩིས་ཡོད་པ་དང་། རྒྱལ་ཁབ་ས་གཤིས་གནོད་འཚེ་རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་དྲ་བ་རིམ་བཞིན་བཙུགས་པས། ཚན་རྩལ་གྱི་གེགས་འགོག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ནི་རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་འགན་འཁྲི་གལ་ཆེན་གྱི་གྲས་ཤིག་རེད། 2018ལོ་ནས་བཟུང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ལས་དོན་དེ་གནོད་འཚེ་ཕོག་རྗེས་ཀྱི་རོགས་སྐྱོབ་ལ་སྣང་ཆེན་བྱེད་པ་ནས་གནོད་འཚེ་མ་ཐོན་གོང་གི་སྔོན་འགོག་ལ་སྣང་ཆེན་བྱེད་པའི་བར་འགྱུར་ལྡོག་བཏང་བ་དང་། རང་བྱུང་ཐོན་ཁུངས་པུའི་གཅིག་གྱུར་བཀོད་སྒྲིག་འོག་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་ཚན་རྩལ་འདེགས་སྐྱོར་གྱི་འགན་ཁུར་བ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བའི་ས་གཤིས་གནོད་འཚེ་ཀུན་འཕྲོད་རྣམ་པའི་བརྟག་དཔྱད་ཡོ་ཆས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《སྔོན་རྩིས་ཚད་གཞིའི》ནང་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཇུས་འགོད་དང་། ལྟ་ཞིབ་ཚད་ལེན་སྒྲིག་ཆས། སྒྲིག་སྦྱོར། འཁོར་སྐྱོད་སྲུང་སྐྱོང་། ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཉེན་བརྡ་དང་ལེན་བཅས་ལ་གཞིགས་ནས་དུས་མཚམས་དབྱེ་ཡོད་པ་སྟེ། ཁྱོན་ལེའུ་6ཡོད་པའི་ནང་ཚད་གཞི་ཁག་93ཚུད་ཡོད་པ་དང་འབྲེལ་ཚད་ལེན་ཞིབ་རྩིས་ཀྱི་དཔྱད་གཞིའི་དཔེ་མཚོན་ཡང་མཁོ་འདོན་བྱས་ཡོད་པ་རེད། ཚད་གཞི་དེས་གནོད་འཚེའི་གཞི་ཁྱོན་དང་། ལས་ཀའི་ཁོར་ཡུག ལག་བསྟར་གྱི་དཀའ་ཚད། ས་ཁུལ་དབར་གྱི་ཁྱད་པར་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་ས་གཤིས་རྩད་ཞིབ་ཚད་ལེན་ཚན་པ་དང་། སྒྲིག་ཆས་བཟོ་གྲྭ དེ་བཞིན་འཁོར་སྐྱོད་སྲུང་སྐྱོང་དང་ཉེན་བརྡ་དང་ལེན་གྱི་ལས་ཀའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད། ཚད་གཞི་དེ་ཡོངས་བསྒྲགས་དང་ཚོད་ལྟའི་ལག་བསྟར་བྱས་པ་ལས་ས་གཤིས་གནོད་འཚེ་ཀུན་འཕྲོད་རྣམ་པའི་བརྟག་དཔྱད་ཡོ་ཆས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ས་ཚིགས་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་གི་སྔོན་རྩིས་བཟོ་འགོད་ལ་མཛུབ་ཁྲིད་དང་ཚད་ལྡན་དུ་བཏང་སྟེ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་ལས་དོན་བདེ་བླག་ངང་ལག་ལེན་བསྟར་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།