དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • “ཀྲུང་གོ་བར་རིག་གནས་ཀྱི་གདེང་ཚོད་ལྡན་པ་མ་ཟད། འདི་རྒྱུན་ཆད་མེད་པར་དར་སྤེལ་གཏོང་བའི་མྱོང་ཚོར་ཐུབ་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། པའོ་ཧན།   |     སྤེལ་དུས།  2022-12-12

    ཀོང་ཀྲོའུ་ཡི་བརྙན་འཕྲིན་མཐོ་ལྕོག་གི་འོག་ཏུ་ལོ་56ལ་སླེབས་པའི་པར་ལེན་མཁས་ཅན་ཡ་ལི་ཧྲན་ཏ·ལའོ་ཨའེ་ཏེ་ཡིས་ལག་ཐོགས་ཁ་པར་ཡར་འདེགས་བཞིན་རྒྱ་གོས་གྱོན་རྒྱུར་དགའ་པོ་བྱེད་མཁན་ཚོའི་གར་སྟབས་པར་ལེན་བྱས་ནས་བརྙན་ལམ་ཐུང་ངུའི་ལས་སྟེགས་སུ་བརྒྱུད་བསྐུར་བྱས་པས་ཡུད་ཙམ་སོང་རྗེས“མོས་བསྟོད”བཅུ་གྲངས་དང་བརྒྱུད་བསྐུར་བརྒྱ་ལྷག་ཙམ་བྱས། ཀོང་ཏུང་གི་ཁྲང་ཞིའི་གར་སྟེགས་དང་། ཧྲ་དབན་གནའ་གྲོང་གི་སིལ་ཟས་འཚོང་སའི་འགྲམ། ཤིས་ཆའོ་རི་བོའི་ཐེན་ཧུའུ་སྤྱི་གླིང་གི་འབྲུག་གཟུགས་གྲུ་གཟིངས་སོགས་ལའོ་ཨའེ་ཏེ་ཡི་བརྙན་ལམ་ཐུང་ངུའི་རང་སྨྱན་སྦྱོར་གྱི་ཨང་རྟགས་ཁ་ཕྱེ་བ་ན་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་པའི་ཁོང་ཀོང་ཏུང་གི་ས་ཆ་ཁག་གི་སྲང་ལམ་ཆེ་ཆུང་གང་སར་བསྐྱོད་ནས་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དང་སྒྱུ་རྩལ་གྱི་རྗེས་ཤུལ་འཚོལ་བཞིན་ཡོད་པ་རེད།

    ཁོ་ལོམ་པི་ཡར་སྐྱེས་པའི་ལའོ་ཨའེ་ཏེ་ནི“ཀོང་ཏུང་གི་ཁྲང་ཞིར་དབྱིངས་ཞུགས་མཁན”ཞིག་ཡིན། 2004ལོར་ཁོང་ཀོང་ཀྲོའུ་རུ་སླེབས་ནས་གྲོང་ཁྱེར་དེ་གའི་ཡུན་རིང་གི་ལོ་རྒྱུས་དང་གཏིང་ཟབ་པའི་རིག་གནས་ཀྱིས་ཡིད་དབང་འཕྲོག 2005ལོར་ཁོང་གིས་ཀོང་ཀྲོའ་རུ་གཏན་འཇགས་བྱ་རྒྱུའི་སེམས་ཐག་བཅད་པ་དང་དེ་ནས་བཟུང་ད་བར་ལོ་17སོང་ཡོད། ཀོང་ཀྲོའུ་རུ་འཚོ་བ་སྐྱེལ་རིང་ལའོ་ཨའེ་ཏེ་ནི་ས་གནས་དེ་གའི་ཁྲང་ཞི་ཁང་ཆེ་ཁག་ཏུ་རྟག་ཏུ་སྐྱོད་མཁན་གྱི་མགྲོན་པོ་ཡིན་ལ། སྐབས་འགར་ཕྱི་རྒྱལ་གྱི་གྲོགས་པོ་གདན་དྲངས་ནས་ཀོང་ཏུང་གི་ཁྲང་ཞི་ལྟ་ཡི་ཡོད། “ཀོང་ཏུང་གི་ཁྲང་ཞི་ནི་མཆོག་ནོར་ཞིག་ཡིན་པ་དང་དེའི་ནང་ངས་འཚོལ་ཞིབ་བྱེད་པའི་སྒྱུ་རྩལ་གྱི་གཞི་རྒྱུ་བསྡུས་ཡོད། ངའི་ཕུགས་འདུན་ནི་དེ་གར་གཞི་ཚུགས་ནས་ཀོང་ཏུང་གི་ཁྲང་ཞིའི་རིག་གནས་ཀྱི་མཆོག་ནོར་འཚོལ་ཞིབ་གཏིང་ཟབ་བྱ་རྒྱུ་དེ་ཡིན”ཞེས་ལའོ་ཨའེ་ཏེ་ཡིས་བཤད།

    2016ལོར《ས་གནས་ཀྱི་ཁྲང་ཞི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》དངོས་སུ་བཀྲམ་ནས་ཁྲང་ཞིར་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲང་ཞིའི་སྒྱུ་རྩལ་གསར་རྩོམ་ལ་སྐུལ་འདེད་གཏོང་བ། ཁྲང་ཞིའི་སྒྱུ་རྩལ་ཁང་དང་ཚོགས་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ཡོད། ཀོང་ཀྲོའུ་དང་ཧྥུའུ་ཧྲན་སོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་ཀྱི་ལས་ཀའི་ཇུས་གཞི་བཟོས་པ་དང་ཆབས་ཅིག་ལག་བསྟར་ཡང་བྱས། ལའོ་ཨའེ་ཏེ་ཡིས་ཁྲང་ཞིའི་རིག་གནས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་འདི་དག་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་སྲིད་གཞུང་གིས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་ཤུགས་ཆེན་དང་ཁྱབ་གདལ་ཧུར་ཐག་བཏང་བ་དེས་རིག་གནས་ཀྱི་རྨང་གཞི་བརྟན་དུ་འགྲོ་བ་དང་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།