དགུན་ཐོག་མའི་ཕྱི་དྲོ་ཞིག་ཉི་མ་དྲོ་ཞིང་འཇམ། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཏ་ཝུའུ་ཁོའུ་ཆུས་དབན་ཧྲེང་སྡེ་ཁུལ་དུ་སྡེ་ཁུལ་གྱི་ལས་བྱེད་པ་དང་ཏང་ཡོན་རྒན་གྲས་མང་པོ་སྒོར་སྒོར་བྱས་ནས་བསྡད་དེ་སྡེ་ཁུལ་གྱི་ཧྲུའུ་ཅི་ཧྲེན་ཡུས་རུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་བཞིན་མཆིས། “དཀའ་སྤྱད་འབད་འབུངས”ཟེར་བ་ནི་ང་ཚོའི་ཡུལ་སྐད་དུ་བརྗོད་ན‘ཧུར་བརྩོན་ངང་ཡར་རྒྱས་ཡོང་བར་འབད་བརྩོན་བྱེད’ཅེས་པ་དེ་ཡིན་པས། ཚང་མར་ཡར་མཆོངས་ནས‘ཁམ་བུ’འཐོག་པའི་སྙིང་སྟོབས་ཡོད་དགོས”ཞེས་ཧྲེན་ཡུས་རུའུ་ཡིས་དཔེ་དང་སྦྲགས་ནས་བཤད།
ཡིག་ཆ་ལྟར་ཀློག་རྐྱང་མི་བྱེད་པ་དང་སྐད་ཆ་ཆེན་པོ་ཁོ་ན་བཤད་ནས་མི་སྡོད་པར་སྒྲོག་འགྲེལ་གྱི་ནང་དོན“རིགས་པའི་གཞུང་ལུགས”ནས“མང་ཚོགས་གོ་བདེ་བར”བྱེད་པ་དང་། སྒྲོག་འགྲེལ་བྱེད་སྟངས་དེ་གཅིག་སྡུད་གཏན་འཇགས་ནས་གང་ལ་དེ་འཚམ་བྱས་ཤིང་། དབན་ཧྲེང་སྡེ་ཁུལ་ཙམ་མ་ཡིན་པར་ཉིན་ཤས་བསྟུད་མར་ཉིང་ཞའི་ས་གནས་ཁག་གིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་གཞི་རིམ་ལ་སྒྲོག་འགྲེལ་དང་ཞབས་འདེགས་ཞུ་བའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད།
ཞི་ཅི་རྫོང་གིས“མཐོ་རིམ་ལག་རྩལ་མི་སྣའི”དང་བླངས་ཞབས་ཞུ་རུ་ཁག་དང“དམག་མི་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པ”སོགས་རིགས་ཁག་གི་དང་བླངས་ཞབས་ཞུའི་དཔུང་ཁག་སྒྲིག་འཛུགས་བྱས་ཏེ“སློབ་ཁང་གི་སྒྲོག་འགྲེལ”དང་། “ཞིང་ནང་གི་སྒྲོག་འགྲེལ” “རྐུབ་སྟེགས་ཀྱི་སློབ་ཁང” “ལམ་འགྲམ་གྱི་འདུ་ཚོགས” “གྲོང་གསེབ་ཀྱི་རྒྱང་བསྒྲགས”སོགས་ལ་བརྟེན་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐེངས་140ལྷག་ཙམ་བྱས་ཡོད། ཡན་ཁྲི་རྫོང་གིས“ཡན་ཀྲོའུ་སློབ་ཁང”སྤྱད་ནས“809000”དང“རྒན་གྲས་ལྔ”སོགས་སྒྲོག་འགྲེལ་རུ་ཁག་79དང་རྫོང་རིམ་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བརྒྱ་ལྷག་ཙམ་སྐུལ་སློང་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། སློབ་གྲྭ དམག་སྒར། རིགས་ཁག་གི་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། དྲ་ཚིགས་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད།
ཝུའུ་ཀྲུང་གྲོང་ཁྱེར་གྱིས“ཀུན་སྤྱོད་དར་སྤེལ”དང“སྙིང་སྟོབས་རྒྱུན་འཛིན”སོགས་ཀྱི་སྒྲོག་འགྲེལ་སྤུས་རྟགས་62སྐྱེད་སྲིང་བྱས་པ་དང་། སྒོ་བྱང་སྤྲད་ནས་མིང་བཏགས་པའི་གྲོང་ཁྱེར་རིམ་པའི་སྒྲོག་འགྲེལ་སྤུས་རྟགས་35ཟིན་པ། གྲོང་ཁྱེར་རིམ་པའི་སྒྲོག་འགྲེལ་ཚོགས་པ་22བཏོད་པ། རྫོང(གྲོང་ཁྱེར)དང་ཆུས་ཁག་ལ་མཛུབ་ཁྲིད་བྱས་ནས“རྒུན་འབྲུམ་སྒྲོམ་གཞིའི་འོག་གི་སྒྲོག་འགྲེལ་ཐུང་གྲས”དང་། “ས་དོང་གི་སྒྲོག་འགྲེལ” “གནའ་བོའི་གྲོག་རོང་གི་སྟོན་ཉམས”སོགས་ཁྱད་ལྡན་སྒྲོག་འགྲེལ་སྤུས་རྟགས་རབ་དང་རིམ་པ་བཏོད་དེ་མུ་འབྲེལ་སྒྲོག་འགྲེལ་བྱས་ཡོད། ཧྲི་ཙུའེ་ཧྲན་གྲོང་ཁྱེར་གྱིས“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་དུ་འབྲེལ་བའི”སྒྲོག་འགྲེལ་བྱེད་སྟངས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་འཁྲབ་ཚན་ཁག་གཅིག་རྩོམ་སྒྲིག་བྱས་པ་མ་ཟད། གཞས་མ་གཏམ་དང་། འཁྲབ་ཚན་ཐུང་གྲས། གློག་བརྙན་ཐུང་གྲས་སོགས་ཀྱི་རྣམ་པར་བརྟེན་ནས་སྒྲོག་འགྲེལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཡོད།
རིམ་པ་ཁག་དང་སྡེ་ཚན་ཁག་ལ་སྤྱི་འདོམས་བྱས་ཏེ་དམིཌ་ས་ཅན་དང་། མང་ཚོགས་ཁག་བགོས་ཅན། མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས། ཉིང་ཞ་རུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ཏང་གི་འཐུས་མིས་སྣེ་འཁྲིད་དེ་སྒྲོག་འགྲེལ་དང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་ཐོག་སྒྲོག་འགྲེལ། གཞི་རིམ་དང་ལས་རིགས་ཁྱབ་ཁོངས་ཀྱིས་གོམ་སྟབས་གཅིག་མཚུངས་ངང་སྒྲོག་འགྲེལ། རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱ་ཁྱབ་ངང་སྒྲོག་འགྲེལ། དྲ་ཐོག་མཉམ་འགུལ་གྱི་སྒྲོག་འགྲེལ་བཅས་བྱས་ནས་ཁྱོན་ཡོངས་དང་། ཁྱབ་རྒྱ་ཆེ་བ། གཏིང་ཟབ་པ་བཅས་ཀྱི་སྒྲོག་འགྲེལ་ཆེ་མོའི་རྣམ་པ་ཞིག་ཆགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དུད་ཁྱིམ་ཀུན་གྱིས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།
མིག་སྔའི་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང(ཆུས)ཁག་དང་དེ་བཞིན་ལས་རིགས་ཁྱབ་ཁོངས་ཀྱིས་རིམ་པ་དབྱེ་ནས་སྒྲོག་འགྲེལ་ཚོགས་པ་མི་གྲངས་2386བཙུགས་པ་དང་། སྒྲོག་འགྲེལ་ཐེངས་6000ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་35ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།