དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ནོར་སྲིད་པུས་འབྲེལ་ཡོད་དངུལ་ཁང་ལ་གནས་གཏན་འཁེལ་བྱས་ནས་2022ལོའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་7500བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-12

    ངོ་སྤྲོད་བྱས་པར་གཞིགས་ན། 2022ལོའི་ཟླ་12པར་2007ལོའི་དམིགས་བསལ་རྒྱལ་བུན་ཁྲོད་ཀྱི་སྒོར་དུང་ཕྱུར་7500དུས་བཀག་ཐིམ་གྲབས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ནོར་སྲིད་པུས་2017ལོའི་བྱེད་ཐབས་མུ་མཐུད་སྤྱད་པ་མ་ཟད། གཅིག་མཇུག་གཉིས་མཐུད་ཀྱི་འགྲེམས་ཐབས་མུ་མཐུད་སྤྱད་དེ་འབྲེལ་ཡོད་དངུལ་ཁང་ལ་གནས་གཏན་འཁེལ་བྱས་ནས་2022ལོའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་7500འགྲེམས་རྒྱུ་དང་། གྲབས་གསོག་བྱས་པའི་མ་དངུལ་ཟླ་དེའི་2007ལོའི་དམིགས་བསལ་རྒྱལ་བུན་གྱི་དུས་བཀག་ཐིམ་པའི་མ་དངུལ་འཇལ་བར་སྤྱོད་རྒྱུ་རེད།

    ཉེ་ཆར། ནོར་སྲིད་པུའི་གཞུང་ཕྱོགས་དྲ་ཚིགས་སུ་ཟླ་12ཚེས་12ཉིན་2022ལོའི་དམིགས་བསལ་རྒྱལ་བུན་འོས་སྐུལ་འགྲེམས་སྤེལ་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་གྲབས་གསོག་བྱས་པའི་མ་དངུལ་ཟླ་དེའི་2007ལོའི་དམིགས་བསལ་རྒྱལ་བུན་གྱི་དུས་བཀག་ཐིམ་པའི་མ་དངུལ་འཇལ་བར་སྤྱོད་རྒྱུ་ཡིན་པ་རེད།

    འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། 2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ནོར་སྲིད་པུས་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་15500བཀྲམ་ནས་ཀྲུང་གོ་མ་དངུལ་ཚད་ཡོད་འགན་འཁྲི་ཀུང་སིའི་མ་རྩའི་ཡོང་ཁུངས་སུ་བརྩིས་ཡོད། དུས་བཀག་ནི་གཙོ་བོ་ལོ་10དང་ལོ་15ཡིན་པ་དང་2017ལོ་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་དུས་བཀག་ཐིམ་པ་རེད། 2017ལོར་དུས་བཀག་ཐིམ་པའི་2007ལོའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་ཐད་ནོར་སྲིད་པུས་འབྲེལ་ཡོད་དངུལ་ཁང་ལ་གནས་གཏན་འཁེལ་བྱས་ནས་2017ལོར་དམིགས་བསལ་གྱི་རྒྱལ་བུན་བཀྲམ་པ་རེད། 2022ལོའི་ཟླ་12པར་2007ལོའི་དམིགས་བསལ་རྒྱལ་བུན་ཁྲོད་ཀྱི་སྒོར་དུང་ཕྱུར་7500དུས་བཀག་ཐིམ་གྲབས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ནོར་སྲིད་པུས་2017ལོའི་བྱེད་ཐབས་མུ་མཐུད་སྤྱད་པ་མ་ཟད། གཅིག་མཇུག་གཉིས་མཐུད་ཀྱི་འགྲེམས་ཐབས་མུ་མཐུད་སྤྱད་དེ་འབྲེལ་ཡོད་དངུལ་ཁང་ལ་གནས་གཏན་འཁེལ་བྱས་ནས་2022ལོའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་7500འགྲེམས་རྒྱུ་དང་། གྲབས་གསོག་བྱས་པའི་མ་དངུལ་ཟླ་དེའི་2007ལོའི་དམིགས་བསལ་རྒྱལ་བུན་གྱི་དུས་བཀག་ཐིམ་པའི་མ་དངུལ་འཇལ་བར་སྤྱོད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་དམིགས་བསལ་རྒྱལ་བུན་འགྲེམས་པར་ཁྲོམ་ར་ཅན་གྱི་བྱེད་ཐབས་སྤྱད་པ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས། རྒྱལ་ཡོངས་དངུལ་ཁང་དབར་གྱི་བུན་འཛིན་ཁྲོམ་རས་འབྲེལ་ཡོད་དངུལ་ཁང་ལ་དམིགས་ནས་གནས་གཏན་འཁེལ་བྱས་ཏེ་བཀྲམ་པ་དང་འགྲེམས་སྤེལ་བྱེད་རིང་སྤྱི་ཚོགས་ཀྱི་མ་དངུལ་འཇོག་མཁན་དང་འབྲེལ་བ་མེད་པས་མི་སྒེར་ནས་ཉོ་ཆོག་གི་མེད། 2022ལོའི་དམིགས་བསལ་རྒྱལ་བུན་ནི་2007ལོའི་དམིགས་བསལ་རྒྱལ་བུན་གྱི་དངུལ་གྲངས་སྤར་ནས་བཀྲམ་པ་ཞིག་ཡིན་པ་དང་། སྔར་བཞིན་སྔར་ཡོད་ཀྱི་རྒྱུ་ནོར་བུ་ལོན་དང་ཕན་ཚུན་དོ་མཉམ་ཡིན་པས་ནོར་སྲིད་མཚལ་ཡིག་མང་དུ་འགྲོ་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།