དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྐང་འཁོར་སྒྲོག་འགྲེལ་ཚོགས་པ་ཡིས། ཏང་གི་གསུང་སྒྲ་སྒྲོག་པར་གཞོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་གྱི་གསར་འགོད་པ། ཆང་ཡུས་ཝུན།   |     སྤེལ་དུས།  2022-12-12

    “ངས་སང་ཉིན་དུས་ཚོད་ཏག་ཏག་ལ་སླེབས་ཡོང” ཞོགས་པ་སྔ་པོ་ནས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཆུས་ཀྱི“བྱམས་པ་ཆེན་པོའི་མི་ཚེ”དགེ་སྒྲུབ་དང་བླངས་པའི་མཐུན་ཚོགས་འཛུགས་མཁན་ཝུའེ་ཅན་དབྱིང་ལ་ཁ་པར་འབྱོར་ནས་སྡེ་ཁུལ་གྱི་དང་བླངས་པ་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་གདན་འདྲེན་ཞུས་པ་རེད།

    དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་རོགས་སྐྱོར་ཡུན་རིང་བྱས་པར་བརྟེན་ཝུའེ་ཅན་དབྱིང“ཀྲུང་གོའི་མི་བཟང”ལ་བདམས་པ་དང་ཤིན་ཀྲོའུ་ཆས་ཀྱི“རྐང་འཁོར་སྒྲོག་འགྲེལ་ཚོགས་པའི”ནང་བསྡུས་པ་རེད། ཉེ་བའི་ལོ་ཤས་རིང་། སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབ་ཆེད། ཁོང་གིས་རྟག་ཏུ་ཏང་གི་ཚོགས་འདུའི་དགོངས་དོན་དང་བྱེད་ཕྱོགས་སྲིད་ཇུས་ཀྱི་སྐོར་བཤུ་འབྲི་དང་ལེགས་སྒྲིག་བྱས་པས། ད་ཆ་ཟིན་བྲིས་མཐུག་པོ་ཞིག་བསགས་ཡོད།

    ཤིན་ཀྲོའུ་ཆུས་ཁྲེན་ཅ་ཐེན་གྲོང་ཚོར་ལོ་72ལ་སླེབས་པའི་ཏང་ཡོན་རྒན་གྲས“རྐང་འཁོར་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ཏུང་ཏུང་ལིན་རྐང་འཁོར་བཞོན་ནས་སླེབས། ཁོང་གིས་ཡུལ་སྐད་ནས་གྲོང་མི་ཚོར“ཧོང་མ་འོས་ལངས”ཀྱི་སྐོར་གསོན་ཉམས་དོད་པོའི་ངང་བརྗོད་པ་རེད།

    མི་གཉིས་གསུམ་རེ་རྐང་ཐང་དུ་འགྲོ་བའམ། ཡང་ན་རྐང་འཁོར་བཞོན་ནས་སྡེ་ཁུལ་གྱི་བཟོ་གྲྭ་དང་། ཞིང་ནང་མུ་ཁར་བསྐྱོད་ཅིང་། དེ་ནི“རྐང་འཁོར་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ཚོའི་རྒྱུན་གཏན་གྱི་འགྲོ་སྟངས་ཏེ། རྐང་འཁོར་སྟབས་བདེ་བ་དང་བབ་བསྟུན་ཡོད་པ་རེད།

    ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཆུས་ཀྱི“རྐང་འཁོར་སྒྲོག་འགྲེལ་ཚོགས་པ”2010ལོར་བཙུགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། ལོ་12རིང་སྒྲོག་འགྲེལ་ཚོགས་པའི་གཞི་ཁྱོན་ཆེ་རུ་སོང་ནའང་། ཉེ་འཁོར་གྱི་མི་ལ་ཉེ་འཁོར་གྱི་དོན་དག་རྗོད་པའི་སྒྲོག་འགྲེལ་བྱེད་སྟངས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད། “མི་སེར་གྱི་སྒྲོག་འགྲེལ”འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྒྲོག་འགྲེལ་ཚོགས་པས“ཀྲུང་གོའི་མི་བཟང”དང“ཅིན་ཁྲུའུ་ཡི་མིག་དཔེ”སོགས་གཟེངས་བསྟོད་ཐོབ་པའི་ཏང་ཡོན་མང་ཚོགས་ཧུར་ཐག་བསྡུས་པ་མ་ཟད། གསར་བརྗེའི་གནའ་ཤུལ་དུ་ཉར་ཚགས་བྱས་པའི་ཕུན་སུམ་ཚོགས་པའི་གྲོང་སྡེར་གྲོང་ཚོ་རིམ་པའི་འོས་འགན་སྒྲོག་འགྲེལ་པ་ཁག་གཅིག་གསོ་སྐྱོང་བྱས་པ་རེད། སྒྲོག་འགྲེལ་བྱེད་སྐབས་མི་གྲངས་ཀྱི་ཚད་བཀག་མེད་པ་དང་། མི་སེར་གྱིས་གོ་སླ་བའི་སྐད་ཆ་དང་དཔེ་མཚོན་དངོས་ལ་བརྟེན་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལོ་རྒྱུས་གསལ་པོ་དང་ཞིབ་ཕྲ་ཤོད་ཀྱི་ཡོད།

    སྨྱན་སྦྱོར་གསར་པའི་ལག་རྩལ་ལ་བརྟེན་ནས“མཛུབ་རྩེའི་སྒྲོག་འགྲེལ་ཚོགས་པ”ཧུར་ཐག་བཏོད་ཅིང་། ཆུས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་27ལ་བརྟག་ཞིབ་བྱས་རྗེས། ཤིན་ཀྲོའུ་ཆུས་ཀྱིས་དམག་དཔོན་རི་བོ་དང་། རྒྱ་བྱ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ། ཀྲང་ཏུའུ་ཧུའུ་རི་འགོག་གསར་བརྗེ་དྲན་གསོའི་རྡོ་རིང་། ཆན་ཞུའེ་སེན་དྲན་གསོ་ཁང་སོགས་ཤིན་ཀྲོའུ་ཡི་ཁྱད་ཆོས་ཀྱིས་ཕྱུག་པའི་གསར་བརྗེའི་མཚོན་རྟགས་13ལ་བརྟེན་ནས་གསར་བརྗེའི“ཏང་གི་སློབ་ཚན་ཐུང་གྲས”ཁག་གཅིག་པར་ལེན་བྱས་ཤིང་། “ཏང་གི་སློབ་ཚན་ཐུང་གྲས”ཀྱིས་བརྗོད་བྱ་མི་འདྲ་བར་དམིགས་ཏེ་གཞོན་ནུ་ཚོས་རང་རྟེན་ངང་འཁྲབ་གཞུང་གསར་རྩོམ་བྱེད་པ་དང་འབྲེལ་འཁྲིད་མཁན་གཙོ་བོའི་འགན་འཁུར་གྱི་ཡོད་པ་རེད།

    “ང་ཚོས་ཟུང་འབྲེལ་ལ་སྣང་ཆེན་གྱིས་མཉམ་འདྲེས་ཀྱི་སྒྲོག་འགྲེལ་དང་། རྣམ་པ་གསར་གཏོད་ཀྱིས་གསོན་ཉམས་དོད་པོས་སྒྲོག་འགྲེལ། ‘སྤྲིན་ཚོམ’ལ་བརྟེན་ནས་རྒྱ་ཁྱབ་ངང་སྒྲོག་འགྲེལ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཐད་བློ་གྲོས་ལྡན་པ་དང་། ཚ་རླབས་འཕྱུར་བ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བཅས་ཧུར་ཐག་ཡོང་བར་བྱེད་དགོས”ཞེས་ཤིན་ཀྲོའུ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལི་ཧུང་གིས་བརྗོད་ཅིང་། ཁོང་གིས། མིག་སྔའི་བར“ཤིན་ཀྲོའུ་རྐང་འཁོར”སྒྲོག་འགྲེལ་ཚོགས་པས་ཆུས་དང་། ཁྲོམ་གཞུང(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)བཅས་རིམ་གསུམ་སྒྲོག་འགྲེལ་དྲ་རྒྱ་བཙུགས་པར་སྒྲོག་འགྲེལ་དཔུང་ཁག་ཁྱོན་200ལྷག་ཙམ་ཟིན་པ་དང་། རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་ཁྲི་ལྷག་ཙམ་བྱས་པ་མ་ཟད། ཉེ་དུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་ཐེངས་140ལྷག་ཙམ་སྤེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།