དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • “གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ཀྱིས་ཨ་ཧྥེ་རི་ཁའི་གྲོང་གསེབ་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་བ། ​

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-12-05

    ཉེ་ཆར། གསར་འགོད་པས་ཨ་ཧྥེ་རི་ཁའི་ཝེ་ཐོ་ལི་ཡཱ་མཚེའུ་འགྲམ་གྱི་ཝུ་ཀན་ཏ་ཝ་ག་ཀེ་གྲོང་གསེབ་འཕྲོད་བསྟེན་སྨན་བཅོས་ཁང་དུ་ནད་པ་ཞིག་གིས་གྱང་ལྡེབས་སུ་བཀལ་བའི་བརྙན་འཕྲིན་ནས་མིག་སྔར་རྒྱལ་ཁབ་དེར་མཆེད་པའི་ཨེ་པོ་ལ་རིམས་ནད་གནས་ཚུལ་གསར་པར་ལྟ་བཞིན་ཡོད་པ་མཐོང་བྱུང་།

    སྨན་ཁང་གི་དོ་དམ་མི་སྣ་ལུའོ་དབྱི·གཱ་པན་ཅིས་གསར་འགོད་པར། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི“གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ལས་སྨན་དོན་མི་སྣ་དང་ནད་པ་ཚོས་དུས་ཐོག་ཏུ་རིམས་ནད་ཀྱི་ཆ་འཕྲིན་གསར་ཤོས་བརྙན་འཕྲིན་ནས་ཤེས་རྟོགས་ཐུབ་པ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་ས་ཁུལ་ནས་ཡོང་བའི་ནད་པའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། “ད་ཆ་ང་ཚོའི་རྒྱལ་ཁབ་ཏུ་ཨེ་པོ་ལ་རིམས་ནད་མཆེད་བཞིན་ཡོད། གལ་ཏེ་རིགས་གཅིག་མཁས་ཅན་གྱིས་རིམས་ནད་ཐད་ཀྱི་ལྟ་སྟངས་བརྗོད་ཚེ་ང་ཚོའི་སྨན་དོན་མི་སྣ་དང་ནད་པ་ཚང་མས་དུས་ཐོག་ཏུ་འཕྲོད་བསྟེན་ཞབས་ཞུའི་འབྲེལ་ཡོད་གསར་འགྱུར་རྟོགས་ཐུབ”ཅེས་བརྗོད།

    “གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ནི་2015ལོའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཐོག་བཏོན་པའི་ཀྲུང་ཧྥེའི་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཐབས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་གྲོང་ཚོ་ཁྲི་གཅིག་ལ་སྲུང་སྐར་གྲངས་འཛིན་བརྙན་འཕྲིན་གྱི་བརྡ་རྟགས་སྦྲེལ་མཐུད་བྱེད་པ་དེ་ཡིན། རྣམ་གྲངས་དེ་ཀྲུང་གོའི་ཁེ་ལས་སི་ཏ་དུས་རབས་ཚོགས་པས་འགན་ལེན་བྱས་ནས་ལག་བསྟར་བྱས་པ་ཞིག་རེད།

    ཝ་ག་ཀེ་གྲོང་གསེབ་སྨན་བཅོས་ཁང་གི་འགྲམ་དུ་ཧྲེང་ལུའུ་ཁེ-ཨེན་ཁུན་པཱའི་སློབ་ཆུང་ཞིག་ཡོད་པ་དེར་སློབ་མ་500ཙམ་ཡོད། གསར་འགོད་པ་སློབ་གྲྭའི་རྒྱལ་སྒོར་འཛུལ་སྐབས་སློབ་ཁང་གི་ཐོག་སྟེང་དུ་ཟླུམ་དབྱིབས་ལི་མདོག་གི་བརྙན་འཕྲིན་སྲུང་སྐར་གྱི་གནམ་སྐུད་ཡོད་པ་མཐོང་། སློབ་སྤྱི་གཞོན་པ་ལི་པེ་ཁཱ· ནཱ་མུའུ་ཤིས་ཤིས་ཀྱིས་གསར་འགོད་པར། ས་གནས་དེ་གར་གློག་དཀོན་པའི་གནས་ཚུལ་ལ་གཞིགས་ནས“གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ཀྱིས་ད་དུང་ཆེད་མངགས་སློབ་གྲྭར་ཉི་ནུས་བརྙན་སྟོན་འཕྲུལ་ཆས་དང་དེའི་ལེ་ལག་ཚང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ད་ཆ་དགེ་སློབ་ཚོས་སློབ་གསོའི་རིགས་ཀྱི་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་པ་དང་ཇུས་འདྲི་བྱེད་ཐུབ་པས་སློབ་ཁྲིད་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཅེས་བརྗོད།

    “དེས་དགེ་རྒན་གྱི་ལས་ཀ་སྟབས་བདེ་རུ་ཕྱིན་པ་མ་ཟད། སློབ་མ་ཚོས་ཀྱང་དགེ་རྒན་གྱི་སློབ་ཁྲིད་ནང་དོན་གསལ་པོ་ཤེས་ཀྱི་འདུག”ནཱ་མུའུ་ཤིས་ཤིས་ཀྱིས་བརྙན་སྟོན་འཕྲུལ་ཆས་ནས་སློབ་ཁྲིད་བྱས་རྗེས། དགེ་རྒན་གྱིས་དུས་ཚོད་མང་པོ་སྤྱད་ནས་རི་མོ་འབྲི་དགོས་མི་འདུག་ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཝུ་ཀན་ཏའི“གྲོང་ཁྲི་ཀུན་ཁྱབ”ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་འདི་ལོའི་ཟླ་10པར་བདེ་བླག་ངང་ལས་མཇུག་འགྲིལ་བ་དང་ཝུ་ཀན་ཏའི་གྲོང་ཚོ་900ལྷག་ཙམ་ལ་སྲུང་སྐར་བརྙན་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་ས་གནས་དེ་གའི་ཁྱིམ་ཚང་ཁྲི་1.8ལ་ཁྱབ་པ་དང་མི་ཁྲི་10ཙམ་ལ་ཕན་པ་ཐོབ་ཡོད། རྣམ་གྲངས་དེས་སློབ་གྲྭ་དང་སྨན་ཁང་སོགས་སྤྱི་པའི་འདུ་གནས་2000ཙམ་ལ་སྲུང་སྐར་བརྙན་འཕྲིན་སྒྲིག་སྦྱོར་བྱས་ཏེ་མི་དེ་བས་མང་བས་ཕྱི་ཕྱོགས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་པར་སྐར་ཁུང་ཞིག་བཏོད་ཡོད།

    ཟླ་གོང་མར་གཉེར་བའི“གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ཀྱི་དུས་ཐེངས་གཉིས་པ་ལས་མཇུག་འགྲིལ་བའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ཝུ་ཀན་ཏའི་གསར་འགྱུར་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་པུའི་པུའུ་ཀྲང་ཁེ་ལི་སི· པཱ་ལི་ཨའོ་མོང་ཤིས་ཀྱིས་ཀྲུང་གོས་ཝུ་ཀན་ཏར་ལག་རྩལ་རོགས་སྐྱོར་བྱས་པར་བསྔགས་བརྗོད་ཆེན་པོ་བྱས་པ་དང་འབྲེལ། “གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ཀྱིས་ཝུ་ཀན་ཏ་རྒྱལ་ཁབ་ཀྱི་གྲོང་གསེབ་འཕེལ་རྒྱས་ལ་རོགས་སྐྱོར་ཐུབ་རྒྱུ་རེད་ཅེས་བརྗོད།

    སི་ཏ་དུས་རབས་པུ་རུན་ཏིའི་སྨྱན་སྦྱོར་ཀུང་སིའི་འགན་འཁུར་བ་ཤུས་ཝུའེ་ཁྲའོ་ཡིས། པུ་རུན་ཏིའི“གྲོང་ཁྲི་ཀུན་ཁྱབ”ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་གྲོང་ཚོ་300ལ་ཁྱབ་པ་དང་དུས་ཐེངས་གཉིས་པའི་རྣམ་གྲངས་ནང་སླར་ཡང་གྲོང་ཚོ་200མང་དུ་ཕྱིན་ནས་འདི་ལོའི་ཟླ་3པར་ཚང་མ་ལེགས་གྲུབ་ཟིན་ཡོད་ཅེས་བརྗོད་ཅིང་། ཁོང་གིས“གྲོང་ཁྲི་ཀུན་ཁྱབ”ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ལས་པུ་རུན་ཏིར་ཕན་འབྲས་བཟང་པོ་ཐོབ་པ་མ་ཟད། སྤྱི་ཚོགས་ཐོག་ཏུའང་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་མོལ་བྱས་རྗེས་དུས་ཐེངས་གཉིས་པའི་རྣམ་གྲངས་སྤེལ་ཡོད་ཅེས་བརྗོད།

    ཁོང་གིས། ཀུང་སིས་ད་དུང“གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ཁྱབ་གདལ་གཏོང་སའི་ཤང་དང་གྲོང་ཚོ་ནས་རིག་གནས་ཡོད་པའི་གྲོང་མི་གཉིས་བདམས་ཏེ། རྩལ་ནུས་གསོ་སྦྱོང་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ས་གནས་དེ་གར་ལས་ཞུགས་ཀྱི་གོ་སྐབས་1000བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།