དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུས“གཞོན་ནུ་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་གཏོང་བའི”སྐོར་ལ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-12-05

    ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྒྱལ་སྤྱིའི་གཞོན་ནུའི་གླེང་སྟེགས་འཚོགས་ཤིང་། གླེང་སྟེགས་ཀྱིས“གཞོན་ནུ་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་གཏོང་བ”བརྗོད་དོན་གཙོ་བོར་བྱས་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུ་70ལྷག་ཙམ་གྱིས་དྲ་ཕྱི་དང་དྲ་ཐོག་ཟུང་དུ་འབྲེལ་བའི་ཐོག་ནས་སྤེལ་རེས་དང་གྲོས་བསྡུར་ལ་ཞུགས་ཡོད།

    བྱེད་སྒོའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་ཀྲུང་གོའི་ན་གཞོན་ཞིང་པའི་འཐུས་མི་སོགས་ཀྱིས“གཞོན་ནུས་གྲོང་གསེབ་ཀྱི་དབུལ་པོ་ཉུང་གཏོང་ལ་རམ་འདེགས་བྱེད”དང“གཞོན་ནུས་དེང་རབས་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱེད”སོགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་གཏམ་བཤད་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཆིན་ཧྭ་སློབ་ཆེན་སོགས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུའི་འཐུས་མིས་གྲལ་སྒོར་གླེང་མོལ་བྱས་ནས་གཞོན་ནུ་ཚོས་གྲོང་གསེབ་འཕེལ་རྒྱས་གཏོང་བར་ནུས་པ་ཇི་ལྟར་འདོན་རྒྱུའི་བསམ་ཚུལ་དང་གྲོས་འགོ་མཉམ་སྤྱོད་བྱས་པ་རེད།

    རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥུའུ་ཀྲེན་པང་གིས་ཤིས་ཚིག་ནང་རྒྱལ་ཁབ་ཁག་གི་གཞོན་ནུ་ཚོས་ལག་གདང་སྦྲེལ་ནས་ཞིང་ལས་དེང་རབས་ཅན་གྱི་སྣེ་ཁྲིད་པ་དང་། གྲོང་གསེབ་ཀྱི་མཛེས་སྡུག་སྡོད་མལ་སྲུང་མཁན། ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་འགན་འཁུར་ཕོད་མཁན། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་བཅས་ཧུར་ཐག་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་འགྱུར་མེད་ཀྱི་རང་རྟོགས་ལ་བརྟེན་ནས“གྲོང་གསེབ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི”འགན་འཁྲི་གསར་པ་འཁུར་མཁན་དང་བྱས་རྗེས་གསར་པ་འཇོག་མཁན་ཞིག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།