དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཆུ་ལམ་ཤར་གཏོང་ཐུབ་པས་ཟོག་འདྲེན་ལས་བྲེལ་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-03

    2c7f724d-7282-45db-99b5-c804760dac2a.jpg.jpg

    འདི་ལོ་ནས་བཟུང་རང་རྒྱལ་གྱི་སྐྱེལ་འདྲེན་ལས་རིགས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་བཏང་ཡོད། དེའི་ཁྲོད་ཤིས་ཅང་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་གྱི་མ་ལམ་ཡིན་པའི་ཀུའེ་ཀྲོའུ་ནས་ཝུའུ་ཀྲོའུ་བར་གྱི་ཏུན་3000རིམ་པའི་ཆུ་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ་ཚོད་ལྟའི་འཁོར་སྐྱོད་ཀྱང་བྱས་ཏེ་ལམ་རྒྱུད་ཀྱི་དཔལ་འབྱོར་བརྟན་པོ་འཕར་བར་ཞབས་འདེགས་ཞུ་ཆེད་ནུས་པ་གལ་ཆེན་བཏོན་ཡོད།

    ཟླ་11ཚེས་28ཉིན་ཟོག་འདྲེན་གྲུ་གཟིངས་ཤིག་ཤིས་ཅང་གཙང་པོའི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་གྱི་ས་མཚམས་སུ་སྐྱོད་བཞིན་ཡོད་པ་དང་། གཙང་པོའི་ངོས་སུ་ཟོག་འདྲེན་གྲུ་གཟིངས་མང་པོ་ཆུ་ལམ་ཐོག་གོ་རིམ་ལྡན་པའི་ངང་སྐྱོད་བཞིན་ཡོད་པས་ཟོག་འདྲེན་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མངོན།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།