
འདི་ནི་ཤིང་ལུང་བྲག་ཕུག་གི་མཛེས་ལྗོངས་ཡིན་པ།
དབྱར་དུས་སུ། ཧོ་པེ་ཞིང་ཆེན་ཤིང་ལུང་རྫོང་ཐའོ་ཅཱ་ཐའེ་གྲོང་ཚོའི་ཤིང་ལུང་བྲག་ཕུག་ནང་བསིལ་ཞིང་མཛེས་ལྗོངས་ཡིད་དུ་འོང་བས་ཡུལ་སྐོར་བ་མང་པོ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་ཡོད།
ཤིང་ལུང་བྲག་ཕུག་ནི་རྡོ་ཐལ་བྲག་རྡོའི་བྲག་ཕུག་ཆེ་གྲས་ཤིག་ཡིན་པ་དང་། བྲག་ཕུག་གྲུབ་པའི་དུས་ཚོད་ལོ་དུང་ཕྱུར་10ནས་དུང་ཕྱུར་14བར་ཡིན་ཞིང་ད་ལྟ་ད་དུང་མུ་མཐུད་གྲུབ་བཞིན་ཡོད། མིག་སྔར་ཤེས་རྟོགས་བྱུང་བའི་བྲག་ཕུག་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5000ལྷག་ཙམ་ཟིན་པ་མ་ཟད་ད་དུང་ཡན་ལག་བྲག་ཕུག་5རྙེད་པ་རེད། བྲག་ཕུག་ནང་ཐཱན་སྐྱུར་ཀལ་གྱི་དིམ་བསགས་དངོས་པོ་འདྲ་མིན་སྣ་ཚོགས་ཡོད་པ་དང་། ཡུལ་ལྗོངས་ཀྱི་རྣམ་པ་མཛེས་ཤིང་རྒྱ་ཆེ་བས“ཡན་ཧྲན་ཆུ་ཤེལ་ཕོ་བྲང”ཡང་ཟེར་སྲོལ་ཡོད།