“ཀྲུང་གོའི་གནམ་མིག”གིས་ཟུམ་སྐར་གསར་པ་660ལྷག་ཙམ་ཤེས་རྟོགས་བྱུང་བ།
འདི་ནི“ཀྲུང་གོའི་གནམ་མིག”ཡིན་པ།
2017ལོའི་ཟླ་10ཚེས་10ཉིན་ཕྱི་ཕྱོགས་སུ་ཟུམ་སྐར་ཤེས་རྟོགས་ཐེངས་དང་པོ་བྱུང་བ་ཁྱབ་བསྒྲགས་བྱས་པ་ནས་བཟུང་། ད་བར་ཞེང་ཚད་ལ་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་གྱིས་ཟུམ་སྐར་གསར་པ་660ལྷག་ཙམ་ཤེས་རྟོགས་བྱུང་ཡོད། “ཀྲུང་གོའི་གནམ་མིག”དེ་2016ལོའི་ཟླ་9ཚེས་25ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ད་བར་གོ་ལ་ཧྲིལ་པོར་གློག་རླབས་གནམ་དཔྱད་རྒྱང་ཤེལ་ཆེ་ཤོས་དང་ཚོར་སྐྱེན་ཆེ་ཤོས་ཡིན་པ་དེས་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ལ་ལྟ་ཞིབ་བྱེད་པའི་མཐོང་རྒྱ་སྔར་བས་ཆེ་རུ་ཕྱིན་ཡོད།