དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • འགག་སྒོ་ལས་ཁུངས་ཀྱིས་ལོ་སྟོད་ཀྱི་ཁྲལ་འབབ་མཛོད་དུ་འཇུག་ཚད་12.2%འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཚུན་རྒྱལ་ཡོངས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒྲོལ་སྟབས་བདེ་དང་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་ཁྲལ་འབབ་བསྡུ་འདོམས་ལ་སྤྱི་འདོམས་བྱས་ནས་གྲངས་འབོར་དང་། སྤུས་ཚད། ཕན་འབྲས་བཅས་གལ་ཆེ་མཉམ་དུ་བཟུང་བས་ལོ་སྟོད་དུ་ཁྲལ་འབབ་མཛོད་དུ་འཇུག་ཚད་སྒོར་དུང་ཕྱུར་11653ཟིན་པ་དུས་མཚུངས་ལས་12.2%འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་ཁྲལ་འབབ་མཛོད་དུ་འཇུག་ཚད་སྒོར་དུང་ཕྱུར་ཁྲི་2ཡན་ཐོག་མར་ཟིན་རྗེས་རྒྱལ་ཡོངས་འགག་སྒོ་ལས་ཁུངས་ཀྱིས་ཁྲལ་བསྡུ་བསྡུ་རུབ་དང་། སྔོན་ནས་གཏན་འཁེལ། ཐོག་མའི་ཐོན་ཡུལ་ལག་ཁྱེར་གྱི་རང་འདེམས་པར་འདེབས་རིམ་བཞིན་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་ཚུད་པའི་ཁྲལ་འབབ་བསྡུ་འདོམས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། གཙོ་གནད་ཁྲལ་ཁུངས་ཁེ་ལས་ཀྱི“ཁེ་ལས་རེ་ལ་བྱེད་ཐབས་རེ”བཏོན་ནས། གཏོགས་ཁོངས་ཀྱི་ཁྲལ་འཇལ་ཞབས་འདེགས་ཞུས་ཏེ“འགན་གཅིག་མང་སྤྱོད་དང་རྒྱུན་འཁོར་བེད་སྤྱོད”ཀྱི་ཁྲལ་འབབ་ཁག་ཐེག་སྒྱུར་བཅོས་སོགས་གསར་གཏོད་བྱས་ནས་ལག་ལེན་བསྟར་ཏེ། ཁེ་ལས་ཀྱིས་ཁྲལ་འཇལ་བར་སྟབས་བདེ་དང་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བའི་སྒོ་ནས་འགག་སྒྲོལ་ཕན་ནུས་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།