དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་12%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-07-18

    ▶ འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར། ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་19.2དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་14093.6 ཁེ་སྤོགས་གཙང་མ་སྒོར་དུང་ཕྱུར་10857.5བཅས་ཟིན་པ།

    ▶ ཟླ་5པའི་ཟླ་མཇུག་བར། ཀྲུང་དབྱང་ཁེ་ལས་ཀྱི་སྒྱུར་བཅོས་ལོ་གསུམ་གྱི་བྱ་སྤྱོད་བྱ་ཐབས་ལེགས་གྲུབ་ཐུབ་ཚད་94.7%ཟིན་ནས་བྱེད་པོའི་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད།

    གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཟླ་7ཚེས་16ཉིན་གཉེར་བའི་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་བགྲོ་གླེང་འཛིན་གྲྭ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ། ཀྲུང་དབྱང་ཁེ་ལས་ཀྱིས་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་གཅོག་ཆེད། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། ཕན་འབྲས་བཟང་པོར་བརྟེན་ནས་གཞི་ཆེའི་དཔལ་འབྱོར་གྱི་སྤྱི་ཡོངས་བརྟན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར། ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་19.2དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་14093.6 ཁེ་སྤོགས་གཙང་མ་སྒོར་དུང་ཕྱུར་10857.5བཅས་ཟིན་ནས་སོ་སོར་དུས་མཚུངས་ལས་12%དང་། 7.1% 6.1%བཅས་འཕར་ཡོད། ལོ་སྟོད་དུ། ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་ཚད་གཞི་མཐོ་པོ་རྒྱུན་འཁྱོངས་ཐུབ་པ་དང་། མ་རྩ་བུན་ཟུག་གི་བསྡུར་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། མ་དངུལ་གྱི་ལེགས་སྐྱེས་འབུལ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་བཅས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    ལོ་སྟོད་དུ། ཀྲུང་དབྱང་ཁེ་ལས་ཀྱིས་གཙོ་གནད་ལས་འགན་གཏན་འཁེལ་བྱས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཟླ་5པའི་ཟླ་མཇུག་བར། ཀྲུང་དབྱང་ཁེ་ལས་ཀྱི་སྒྱུར་བཅོས་ལོ་གསུམ་གྱི་བྱ་སྤྱོད་བྱ་ཐབས་ལེགས་གྲུབ་ཐུབ་ཚད་94.7%ཟིན་ནས་བྱེད་པོའི་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། ཆ་རྐྱེན་དང་མཐུན་པའི་ཀྲུང་དབྱང་ཁེ་ལས་ཁྲི་1.27གྱི་ཡན་ལག་ཁེ་ལས་སུ་ལས་འཛིན་ལྷན་ཚོགས་འཛུགས་དགོས་རིགས་འཛུགས་གང་ཐུབ་བྱས་པ་དེས་99.9%བཟུང་བ་ལས་99.3%ཕལ་ཆེ་བ་ཕྱི་རོལ་གྱི་ལས་འཛིན་རེད། འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་དང་ཆེད་ལས་ཅན་གྱི་བསྡུ་སྒྲིལ་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་ཀྱི་མདོང་དྲ་ཚོགས་པ་དང་། ཨན་ཀང་ཚོགས་པ། པའོ་ལི་ཚོགས་པ་བཅས་ཀྱིས་བསྐྱར་སྒྲིག་ལ་སྐུལ་འདེད་མགྱོགས་མྱུར་བཏང་རྗེས་ལས་སྒོ་བསྡུ་སྒྲིལ་མཉམ་འདྲེས་བྱས་ཡོད། ལམ་ལུགས་ཁག་གསུམ་གྱི་སྒྱུར་བཅོས་ཚོད་སྐོར་གྱི་ལས་དོན་ནུས་ལྡན་སྤེལ་བ་དང་ལས་མི་ཡོངས་ཀྱི་ལས་རྗེས་དཔྱད་ཞིབ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། མིག་སྔའི་བར། ཀྲུང་དབྱང་ཁེ་ལས་མ་རྐང་ཚོད་འཛིན་ཁྲོམ་ཞུགས་ཀུང་སི་182ལ་རྐང་དབང་གི་སྐུལ་ལྕག་བྱས་པ་དང་། ཀྲུང་དབྱང་གི་ཚན་རྩལ་རྣམ་པའི་ཁེ་ལས་497ལ་རྐང་དབང་དང་ཐོབ་ཆ་བགོ་བའི་སྐུལ་ལྕག་བྱས་པས་སྐུལ་ལྕག་བྱ་ཡུལ་ཁྱོན་མི་ཐེངས་ཁྲི་19.2ཟིན་ཡོད། དབང་བའི་ལམ་ལུགས་མཉམ་འདྲེས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། ལོ་སྟོད་དུ་མ་དངུལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་ཡོད། “ཚན་རིག་དང་མཐུན་པའི་སྒྱུར་བཅོས་དཔེ་སྟོན་བྱ་སྤྱོད”སྤེལ་རྒྱ་ཆེ་རུ་བཏང་བས་ཚོང་དུད་བསྡོམས་འབོར་440བར་མང་དུ་ཕྱིན་ཡོད་པ་རེད།

    མཁོ་སྤྲོད་བརྟན་པོ་དང་། དམངས་འཚོ་འགན་ལེན། ལས་ཞུགས་ལ་སྐུལ་འདེད་སོགས་ཀྱི་ལས་དོན་སྤེལ་རིང་ཀྲུང་དབྱང་ཁེ་ལས་ཀྱིས་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་ལ་དཀའ་ངལ་སེལ་རོགས་བྱེད་པའི་ཕྱོགས་7ཐད་ཀྱི་བྱེད་ཐབས་ཁག་27བཏོན་ཡོད། ཧྭ་རུན་ཚོགས་པ་དང་ཀྲུང་གོ་རུང་ཐུང་ཚོགས་པ་སོགས་ཁེ་ལས་ཀྱིས་ལོ་སྟོད་དུ་རིམ་རྩིས་ལྟར་ན་ཁང་གླ་སྒོར་དུང་ཕྱུར་104.4ཆག་ཡང་དང་རྩ་ཆག་བཏང་བ་དེས་ཁེ་ལས་འབྲིང་ཆུང་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། རླངས་འཁོར་ཁེ་ལས་ཀྱིས་ཚོང་སྤྱོད་ཟོག་འདྲེན་རླངས་འཁོར་གྱི་འཛད་སྤྱོད་དངུལ་བུན་གྱི་མ་འཇལ་སྐྱེད་སྤྲོད་དུས་འགྱངས་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་པ་དང་། གློག་འཕྲིན་ཁེ་ལས་ཀྱིས་རང་འགུལ་ངང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དྲ་ཆེན་གྱི་ཆེད་སྐུད་ཆ་སྙོམས་འགྲོ་གྲོན་སླར་ཡང་10%གཅོག་པའི་ལས་འགན་དོན་འཁྱོལ་བྱས་ཡོད། ཀྲུང་དབྱང་གློག་ཤུགས་ཁེ་ལས་ཀྱིས་རྡོ་སོལ་གྱི་རིན་གོང་འཕར་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཁྱད་དུ་བསད་དེ་ནུས་ཤུགས་ཡོད་རྒུས་རྡོ་སོལ་མཁོ་སྤྲོད་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།