དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་། ཐུན་མོང་སྲུང་སྐྱོང་། དམིགས་བསལ་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་བཅའ་ཁྲིམས་ཡག་པོ་ཞིག་བཟོ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-18

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་12ཉིན་ནས་ཚེས་15ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁྲིམས་འཛུགས་ཀྱི་ཐད་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བརྟེན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁྲིམས་འཛུགས་ལ་མཛུབ་ཁྲིད་བྱས་ཏེ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་། ཐུན་མོང་སྲུང་སྐྱོང་། དམིགས་བསལ་སྲུང་སྐྱོང་བཅས་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྙིང་སྟོབས་ལ་བརྟེན་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་བཅའ་ཁྲིམས་ཡག་པོ་ཞིག་བཟོ་དགོས་པའི་ནན་བཤད་གནང་བ་རེད།

    ལི་ཀྲན་ཧྲུའུ་སྔ་རྗེས་སུ་ཉིང་ཁྲི་དང་། གཞིས་རྩེ། ལྷ་ས་སོགས་ས་ཁུལ་དུ་ཕེབས་ནས་འདམ་ར་སྲུང་སྐྱོང་དང་། ཆུ་ལམ་དང་གྲམ་ཐང་བཅོས་སྒྲིག ཤིང་འཛུགས་ནགས་བཟོ། ཆུའི་ཐོན་ཁུངས་སྲུང་སྐྱོང་། གཏེར་རི་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཕྱོགས་ཀྱིས་ཁྲིམས་འཛུགས་ཀྱི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོའང་གསན་པ་རེད། ལི་ཀྲན་ཧྲུའུ་ཡིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་གང་ལེགས་གནང་ནས་ཚང་མ་དང་མཉམ་དུ་བཅའ་ཁྲིམས་བཟོ་བ་དང་འབྲེལ་བ་ཡོད་པའི་གཙོ་གནད་དང་དཀའ་གནད་ལ་གྲོས་བསྡུར་ཡང་གནང་བ་རེད།

    ལི་ཀྲན་ཧྲུའུ་ཡིས་བསྟན་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བ་ནི། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། མཚོ་བོད་ས་མཐོར་དམིགས་བསལ་གྱི་སྐྱེ་ཁམས་ཀྱི་གནས་བབ་དང་རིན་ཐང་ཡོད་ལ། རྒྱལ་ཁབ་ཙམ་མ་ཟད་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནི་དམིགས་བསལ་གྱི་ས་ཁོངས་སྲུང་སྐྱོང་བཅའ་ཁྲིམས་ཤིག་ཡིན་མོད། འོན་ཀྱང་དེའི་དོན་སྙིང་དང་ཤུགས་རྐྱེན་ནི་བཅའ་ཁྲིམས་སྤྱད་འཐུས་ཀྱི་ཁྱབ་ཁོངས་ལས་ཧ་ཅང་ཆེ་བ་ཡོད། བཅའ་ཁྲིམས་འདི་འཆར་ཟིན་འགོད་པར་སྤྱི་ཡོངས་ཀྱི་ལྟ་བ་དང་། ཁྱོན་ཡོངས་ཀྱི་ལྟ་བ། ཚུགས་གནས་ཧ་ཅང་མཐོ་པོ་བཅས་ཡོད་དགོས་ལ། ཁྲིམས་འཛུགས་ཀྱི་བསམ་ཕྱོགས་དང་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་དང་བྱེད་ཐབས་ལས་རང་ངོས་ཀྱི་ཁྱད་ཆོས་མངོན་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་རྩ་བའི་དགོངས་གཞི་ནི། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་བཙན་ཞིང་ནན་པའི་གཅུན་འདོམས་སུ་བརྩིས་ནས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོ”ཡིན་པའི་གཙོ་རྐང་འདི་བཅའ་ཁྲིམས་ཀྱི་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས་ལ། བཅའ་ཁྲིམས་གཏན་འབེབས་ཀྱི་ཕྱོགས་གང་སར་མངོན་པར་བྱེད་དགོས།

    ལི་ཀྲན་ཧྲུའུ་ཡིས་ནན་བཤད་གནང་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛུགས་ཀྱི་ཆེད་ལས་རང་བཞིན་ཆེ་བས་གནད་དོན་མང་པོར་ས་ཁོངས་རང་བཞིན་དང་དམིགས་བསལ་རང་བཞིན་ཆེན་པོ་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ནང་འདུས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་མཛུབ་ཁྲིད་དུ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་འགྱུར་བར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་གནད་དོན་ཐག་གཅོད་བྱེད་པའི་སྙིང་སྟོབས་བཅངས་ནས་སྐྱེ་ཁམས་མ་ལག་གལ་ཆེན་ཁག་སྲུང་སྐྱོང་དང་། བཅོས་སྐྱོང་། སླར་གསོ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།

    བོད་དུ་བརྟག་ཞིབ་གནང་རིང་། ལི་ཀྲན་ཧྲུའུ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་གཞི་རིམ་མི་དམངས་འཐུས་ཚོགས་སུ་བརྟག་ཞིབ་དང་བཞུགས་མོལ་གནང་བ་དང་འབྲེལ་སྡེ་ཁུལ་དང་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། བཀྲས་ལྷུན་དགོན་བཅས་སུ་རྟོག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་དང་སླད་ཕྱིན་གྱི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དེ་ཡིན། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་སྔར་བས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏང་གི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བྱས་ཏེ་ཡུན་རིང་བདེ་འཁོད་མངོན་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུན་རིང་བདེ་འཁོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་ཆ་རྐྱེན་ཡིན། ཁ་ཕྲལ་ཕྱོགས་གཏོགས་ཀྱི་ལྐོག་གཡོ་དང་བྱེད་སྤྱོད་སྣ་ཚོགས་ལ་དུས་རྟག་ཏུ་འགོག་ཟོན་དང་རྡུང་རྡེག་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགན་ཐེག་པ་འཁུར་ལེན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བོད་དུ་མཐའ་འཁྱོངས་དང་སྲ་བརྟན་ཡག་པོ་བཏང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རིང་འགན་ནུས་འདོན་སྤེལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།