ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་པེ་ཅིང་དུ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཁོང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་དང་ལག་བསྟར་གཏིང་ཟབ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།
དབང་དབྱང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་ཏང་གི་མི་རིགས་ཆོས་ལུགས་ལས་དོན་ལག་ལེན་གྱི་ཕྱོགས་སྡོམ་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཆོས་ལུགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས། དུས་རབས་གསར་པར་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་བཅས་རེད། རྩོམ་ཡིག་རེ་རེ་བཞིན་ཞིབ་ཀློག་དང་སློབ་སྦྱོང་གཏིང་ཟབ་དང་གོ་བ་ནན་ཏན་ལེན་པ་དང་། དགོངས་དོན་གྱི་ངོ་བོ་དང་དོན་སྙིང་གཙོ་བོ་ཁོང་དུ་ཧུར་ཐག་ཆུད་པ་བྱེད་དགོས་ལ། རང་རློམ་ང་རྒྱལ་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་། ཧ་ཅང་གལ་ཆེའི་རང་བཞིན། དམིགས་བསལ་དགོས་གཏུགས་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་ཀྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ། ཕྱོགས་ཡོངས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་བཅས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས། ཀྲུང་ཧྭའི་རིག་གནས་ལ་བརྟེན་ནས་རང་རྒྱལ་གྱི་ཆོས་ལུགས་ཁག་ལ་ཕན་པ་ཐོབ་པར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་མཐུན་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།