དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས་2.5%འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་པ་དང་ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་562642ཟིན་ནས་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ཚེ་དུས་མཚུངས་ལས་2.5%འཕར་བ་ལས། དུས་ཚིགས་གཉིས་པར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་292464ཟིན་པ་དེ་དུས་མཚུངས་ལས་0.4%འཕར་ཡོད་པ་རེད།

    ཉིན་དེར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིང་ཧུའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུར། འདི་ལོ་ནས་བཟུང་རྒྱལ་སྤྱིའི་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་རྒྱལ་ནང་དུ་རིམས་ནད་ཐོན་པའི་ཤུགས་རྐྱེན་ངན་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་འཕེལ་རྒྱས་རྣམ་ཀུན་དང་ཧ་ཅང་མི་འདྲ་བ་བཅས་ཀྱི་རྐྱེན་གྱིས་སྔོན་དཔག་ལས་བརྒལ་བའི་ཐོལ་བྱུང་རྒྱུ་རྐྱེན་གྱིས་རྡབ་རྡེག་ཚབས་ཆེན་ཕོག་ནས་དུས་ཚིགས་གཉིས་པར་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ནུས་ཆེའི་སྤྱི་འདོམས་དང་། གཞི་ཆེའི་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་ལག་བསྟར་ནུས་ལྡན་བཅས་བྱས་པས་དཔལ་འབྱོར་འཁོར་རྒྱུག་རིམ་བཞིན་བརྟན་པོའི་ངང་འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།