དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • རྒྱལ་ཁབ་མདོང་ལམ་དྲ་བ་ཚོགས་པས་ཤང་ཀང་ལ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་120ཙམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-04

    ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་མདོང་ལམ་དྲ་བ་ཚོགས་པ་ཀོང་ཏུང་སྐྱེལ་འདྲེན་ཉམས་བཟོ་ལྟེ་གནས(ཀོང་ཏུང་ཞིང་ཆེན་མདོང་ལམ་དྲ་བ)ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་30ཉིན་བར་གྱི་ཉེ་བའི་ལོ་བཅུའི་རིང་ནང་སའི་རྒྱལ་ཁབ་མདོང་ལམ་དྲ་བ་ཚོགས་པས་མཚོ་གཏིང་གི་མདོང་ལམ་བརྒྱུད། ཤང་ཀང་ལ་རང་བྱུང་སོལ་རླངས་རིམ་རྩིས་བྱས་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་120ཙམ་བཏང་ནས། ཤང་ཀང་དུ་རང་བྱུང་སོལ་རླངས་ཀྱིས་གློག་གཏོང་བའི་བསྡུར་ཚད་50%ཡན་འཕར་རྒྱུར་སྐུལ་འདེད་བཏང་བ་དང་གློག་ཤུགས་གཞན་བསྒྱུར་གྱིས་ཤང་ཀང་གི་གྲོང་མི་བཞི་ཆ་གཅིག་ཙམ་གྱི་གློག་གི་དགོས་མཁོ་བསྐངས་ཡོད།

    ས་ཁོངས་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་དབང་གིས་ནང་སས་ཤང་ཀང་ལ་སོལ་རླངས་མཁོ་འདོན་མ་བྱས་གོང་ཤང་ཀང་གི་གྲོང་མིས་གཞི་ཁྱོན་ཆེ་བའི་རང་བྱུང་སོལ་རླངས་སྤྱོད་ཐུབ་མེད། ཤང་ཀང་གི་འབྱུང་འཕྲོད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་ཀྱིས་ཤང་ཀང་དེ་སོལ་རླངས་མཁོ་འདོན་སྤྱི་འདོམས་ཀྱི་འཆར་གཞིར་བཅུག་ནས་མཚོ་གཏིང་ལ་མདོང་ལམ་འདིང་བའི་བྱེད་ཐབས་བརྒྱུད་རང་བྱུང་སོལ་རླངས་ཤང་ཀང་གི་ཁྱིམ་ཚང་ཁྲི་སྟོང་དུ་མར་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།