དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • སྡེ་ཚན་གསུམ་གྱིས་ཁེ་ལས་སུ་ལས་མི་བསྡུས་པར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་སྐབས“ཐད་གསབ་མྱུར་སྒྲུབ”ཀྱི་བྱ་སྤྱོད་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-07-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ལོངས་སྤྱོད་མགྱོགས་མྱུར་དང་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་29ཉིན་མི་སྤྱི་པུའུ་དང་། སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་བརྡ་ཐོ་བཏང་སྟེ། ཁེ་ལས་སུ་ལས་མི་བསྡུས་པར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་སྐབས“ཐད་གསབ་མྱུར་སྒྲུབ”ཀྱི་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད།

    བརྡ་ཐོའི་ནང་ས་གནས་ཁག་ལ་གཙོ་གནད་མངོན་གསལ་དོད་པོ་དང་ཇུས་འདོན་གནད་སྨིན་མཐའ་འཁྱོངས་དང་། གྲངས་གཞི་ཕན་ཚུན་ཞིབ་བསྡུར་དང་སྡེ་ཚན་ཕན་ཚུན་མཐུན་སྦྱོར་ལ་སྣང་ཆེན། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་དང་། སློབ་ཐོན་ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མ། སློབ་གྲྭ་ནས་ཁ་བྲལ་རྗེས་ལོ་2ནང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་བཅས་བསྡུ་མཁན་མི་སྤྱོད་ཚན་པ་འཕྱུགས་མེད་གཏན་འཁེལ་བཅས་བྱས་ཏེ། སྲིད་ཇུས་ལ་བརྟེན་ནས་མི་འཚོལ་དང་། “ཚོར་མེད་རིག་སྒྲུབ”“ཐད་གསབ་མྱུར་སྒྲུབ”བཅས་ཀྱི་དོན་འཁྱོལ་ལམ་སྲོལ་མགྱོགས་མྱུར་བཙུགས་ནས་སྲིད་ཇུས་དོན་འཁྱོལ་བྱེད་རྒྱ་ཆེ་རུ་གཏོང་དགོས།

    ཞིབ་བཤེར་གཏན་འབེབས་དང་སྒྲུབ་གཉེར་གོ་རིམ་ལེགས་སྒྲིག་བྱེད་དགོས་ཤིང་། ཞིབ་བཤེར་གཏན་འབེབས་བྱེད་གྲངས་མང་དུ་གཏོང་བ་ལས། དུས་ཚིགས་དང་ལོ་འཁོར་གཞིར་བཟུང་ཞིབ་བཤེར་གཏན་འབེབས་སྟབས་བདེ་དང་གཅིག་སྡུད་བྱེད་མི་རུང་། གཉེར་སྒྲུབ་བྱ་རིམ་སྔར་བས་ལེགས་སྒྲིག་གིས་ལྷུ་ཚིགས་དང་། རྒྱུ་ཆ། དུས་བཀག་བཅས་ཉུང་དུ་དང་ཐུང་དུ་བཏང་སྟེ། རང་འགུལ་ངང་རེ་འདུན་ཞུས་པའམ་ཡང་ན་འདེམས་སྒྲུག་གཏན་འཁེལ་བྱས་པའི་ཚན་པར་འབྲེལ་ཡོད་ཁ་གསབ་སྲིད་ཇུས་གང་མགྱོགས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ།

    མ་དངུལ་དོ་དམ་གྱི་ཉེན་ཁ་འགོག་ཟོན་བྱེད་དགོས་ཤིང་། བཀོལ་སྤྱོད་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ཉེན་ཁ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ནང་ཁུལ་གྱི་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྫུས་ལེན་དང་། བསླུ་ལེན། གཡོ་ལེན་སོགས་ཀྱི་སྣང་ཚུལ་གཏན་འགོག ཕྱི་ནང་ངན་འབྲེལ་དང་། སྒྲིག་འགལ་བཀོལ་སྤྱོད། འགན་ཤོར་འགན་འཛོལ་སོགས་བཀག་འགོག་ནན་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་གཏན་འཁེལ་ཁ་གསལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།