འཇར་མན་གྱི་པེར་ལིན་དུ་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་77འཁོར་བར་དྲན་གསོ་ཞུས་པ།
ཟླ་5ཚེས་8ཉིན་ནི་འཛམ་གླིང་དམག་ཆེན་གཉིས་པའི“ཡོ་རོབ་ཀྱི་རྒྱལ་ཁའི་ཉིན་མོ”ཡིན་ཞིང་། མི་རྣམས་རང་མོས་ཀྱིས་འཇར་མན་པེར་ལིན་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་འཇར་མན་དང་ཨུ་རུ་སུའི་རྟེན་རྫས་བཤམས་མཛོད་ཁང་དུ་ཡོང་སྟེ་འཇར་མན་ཧྥ་ཤི་སི་ལས་རྣམ་པར་རྒྱལ་ནས་ལོ་77འཁོར་བར་དྲན་གསོ་ཞུས་པ་རེད། འདི་ནི་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་ཡོད་པའི་འཇར་མན་དང་ཨུ་རུ་སུའི་རྟེན་རྫས་བཤམས་མཛོད་ཁང་དུ་བུད་མེད་གཅིག་གིས་འགྲེམས་སྟོན་བྱེད་པའི་ཐན་ཁེའི་འཁྲིས་སུ་མེ་ཏོག་འབུལ་བཞིན་པ།