སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་རྒྱལ་སྤྱིའི་མཉམ་འདྲེན་དུས་གཏན་མེ་འཁོར(ཨུ་རུ་སུ་-ཁྲུང་ཆིང་-ཀོང་ཤིས)ཐོག་མ་ཐོན་འགོ་ཚུགས་པ།
ཟླ་5ཚེས་9ཉིན། སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་རྒྱལ་སྤྱིའི་མཉམ་འདྲེན་དུས་གཏན་མེ་འཁོར(ཨུ་རུ་སུ་-ཁྲུང་ཆིང་-ཀོང་ཤིས)ཐོག་མ་ཁྲུང་ཆིང་ཅང་ཅིན་ཞའོ་ནན་ཡ་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ནས་དལ་བུར་ཐོན་ཞིང་། ད་ཐེངས་ཀྱི་མེ་འཁོར་དེ་ཨུ་རུ་སུའི་ཝུའུ་སི་ཅི་དབྱི་ལི་མུའུ་སི་ཁེ་ནས་ཐོན་ཏེ་མན་ཀྲོའུ་ལི་འགག་སྒོ་བརྒྱུད་ཀྲུང་གོར་སླེབས་ཀྱི་ཡོད་པ་དང་། ཁྲུང་ཆིང་ཅང་ཅིན་དུ་འབྱོར་རྗེས་བསྐྱར་སྒྲིག་བྱས་ནས་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་བརྒྱུད་ཀོང་ཤིས་སུ་ཐད་ཀར་སླེབས་ཀྱི་ཡོད། ལམ་ཐིག་ཧྲིལ་པོར་སྔོན་དཔག་བྱས་ན་ཉིན་18ཙམ་འགོར་གྱི་ཡོད་པ་དང་དེ་གོང་གི་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་ལས་ཉིན་15ནས་20བར་ཐུང་དུ་འགྲོ་རྒྱུ་རེད།
འདི་ནི་ཟླ་5ཚེས་9ཉིན་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་རྒྱལ་སྤྱིའི་མཉམ་འདྲེན་དུས་གཏན་མེ་འཁོར(ཨུ་རུ་སུ་-ཁྲུང་ཆིང་-ཀོང་ཤིས)ཐོག་མ་ཁྲུང་ཆིང་ཅང་ཅིན་ཞའོ་ནན་ཡ་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ནས་ཐོན་བཞིན་པ།