ཀྲུང་གོའི་འཕྲུལ་མིས་པེར་ཀྲེམ་གྱི་ཟ་ཁང་ལ་ཞབས་ཞུ་བྱེད་པ།
པེར་ཀྲེམ་གྱི་ཏུང་ཧྥུའོ་ལན་ཏེ་ཞིང་ཆེན་ཧྲེང་ཉི་ཁེ་ལ་སི་གྲོང་ཁྱེར་གྱི“ཟས་མཆོག”ཟ་ཁང་དུ་ཀྲུང་གོ་ནས་ཡིན་པའི་འཕྲུལ་མིའི“ཞབས་ཞུ་བ”གཉིས་དེ་གའི“སྤྱན་སྦིར”ལ་གྱུར་བ་དང་ཁོང་ཚོས་ཟ་ཁང་གི་ཐབ་ཚང་དང་ཚོམས་ཆེན་དུ་ཕར་འགྲོ་ཚུར་འོང་གིས་ཁ་ལག་ཟ་མཁན་ལ་ཟས་མཆོག་སྐྱེལ་གྱི་ཡོད། འཕྲུལ་མི་སྤྱད་ནས་ཟ་ཁང་གི་ལས་མི་སྤྱོད་པའི་མ་གནས་ཆུང་དུ་ཕྱིན་པ་མ་ཟད། ཁ་ལག་ཟ་མཁན་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འདི་ནི་ཟླ་4ཚེས་9ཉིན་པེར་ཀྲེམ་ཏུང་ཧྥུའོ་ལན་ཏེ་ཞིང་ཆེན་ཧྲེང་ཉི་ཁེ་ལ་སི་གྲོང་ཁྱེར་གྱི“ཟས་མཆོག”ཟ་ཁང་དུ་ཁ་ལག་ཟ་མཁན་གྱིས་འཕྲུལ་མི“པའེ་ལའི”ས་ནས་ཚལ་ལེན་བཞིན་པ།