རུ་ཝང་ཏ་ཡིས་བྱེད་སྒོ་སྤེལ་ནས་དམར་གསོད་ཆེན་པོ་བྱས་ནས་ལོ་28འཁོར་བར་དྲན་གསོ་ཞུས་པ།
ཟླ་4ཚེས་7ཉིན། རུ་ཝང་ཏ་ཡི་རྒྱལ་ཡོངས་ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས་དམར་གསོད་ཆེན་པོ་བྱས་ནས་ལོ་28འཁོར་བར་དྲན་གསོ་ཞུས་པ་རེད། 1994ལོའི་ཟླ་4པ་ནས་7པ་བར་རུ་ཝང་ཏ་རུ་ཐུའུ་ཤིས་དང་ཧུའུ་ཐུའུ་རིགས་རྒྱུད་ཆེན་པོ་གཉིས་དབར་གཞི་ཁྱོན་ཆེ་བའི་གཏུམ་སྤྱོད་གདོང་ཐུག་བྱུང་ནས་ཁྱོན་མི་ཁྲི་50ནས་མི་ཁྲི་100བར་རྐྱེན་ལམ་དུ་ཤོར་བའི་ནང་མང་ཆེ་བ་ནི་ཐུའུ་ཤིས་རིགས་ཀྱི་མི་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་4ཚེས་7ཉིན་དེ“རུ་ཝང་ཏ་ཡི་དམར་གསོད་ཆེན་པོར་བསམ་གཞིག་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་པ་དང་། 2018ལོར“1994ལོར་ཐུའུ་ཤིས་རིགས་ལ་དམིགས་པའི་རུ་ཝང་ཏ་ཡི་དམར་གསོད་ཆེན་པོར་བསམ་གཞིག་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”མིང་བསྒྱུར་བྱས་ཤིང་། འདི་ནི་རུ་ཝང་ཏ་ཡི་ཙུང་ཐུང་ཁཱ་ཅཱ་མའེ(མདུན་གྱི་གཡོན)དང་སྐུ་ཟླ་ཀྲེན་ཉི་ཐེ་དམར་གསོད་ཆེན་པོ་བྱས་ནས་ལོ་28འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་ཏེ་དྲན་གསོའི་དཔལ་འབར་སྤོར་བཞིན་པ།